| | e-texts navigator
|
421b1 ཀྱི་ལྷན་ལ་སྣང་བ་དེ་དག་ཐམས་ཅད་ལག་མཐིལ་དུ་བཞག་པ་བཞིན་དུ། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་ཀུན་ཏུ་སྣང་ངོ་།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་བཅོས
421b2 ལྡན་འདས་ཤཱཀྱ་ཐུབ་པས་ཇི་ལྟར་བྱུང་བ་དེ་འདྲ་བའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཕྱུང་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱིས་སྤྲུལ་པ་ཕྱུང་བ་ཇི་སྙེད་དེ་དག་ཐམས་ཅད་ཀྱང་། བཅོམ
421b3 ལྡན་འདས་ག་ལ་བ་དེ་ལོགས་སུ་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་འཁོར་གྱི་ནང་དུ་འདུས་པར་གྱུར་ཏོ།། བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དག་ཀྱང་དགེ་སློང་དང་།
421b4 དགེ་སློང་མ་དང་། དགེ་བསྙེན་དང་དགེ་བསྙེན་མ་གདྷཱའི་བྱེ་མ་སྦེད་དག་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་ལ་མཆོད་པ་ཆེན་པོ་དཔེ་མེད་པ་ཐོགས་ཏེ་འདིར་ལྷགས་སོ།། དེ་བཞིན
421b5 དུལྦ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁ་ལྡིང་དང་མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་དུ་མ་དག་ཀྱང་། བཅོམ
421b6 ལྡན་འདས་ཀྱི་རྫུ་འཕྲུལ་དེ་མཐོང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་ངོ་།། དེ་ནས་གང་དག་ཕྱོགས་བཅུ་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་དེ་དག་གིས།
421b7 མཆོད་པ་བླ་ན་མེད་པས། བཅོམ་ལྡན་འདས་ལ་བསྙེན་བཀུར་བྱས་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་ཡོངས་སུ་བསྒྲུབས་པའི་སྟན་དག་ལ་འཁོད་དོ།། མི་དང་མི་མ་ཡིན་པའི
iiif viewer powered by OpenSeadragon
421a - 422a