| | e-texts navigator
|
420a1 མསུ་དག་སདོང་དས། ངོ་མཚར་མང་ཀྱི་དགུར་བ་སྐྱེས་ཐམལ་མོ་སྦྱ་ནས། དེ་བཞིར་གཤེགས་པ་ལ་ལྡན་ངདུན་བསྐོར་བ་ཟླས།། སྡུག་།
420a2 རྒྱས་ཚེ་ཕྲུལ་མང་པོ་མཐོང་ནས། བླ་ན་མེད་པ་ཡང་དག་བྱར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། གཞན་ཡང་འཁོར་དང་པོ་རྣམས་ཀྱང་བྱུང་ཆུབ་སཟླས་བསྐྱེད་དུ་བཅུས
420a3 གོ་དེའི་ཚེ་ཀླུའི་རྒྱལ།། མདོ་འདི་སྔོན་བརྒྱ་ལས་འགྱུར་བའི་འཇུག་མ་རྫོགས་པ་སྒྱུར་འགྲོ་ལུས་པར་སྣང་སྟེ་མཁས་པས་ལེགས་པར་གཟིགས་འཚལ།
420a4 རྒྱ་གར་སྐད་དུ། ཨཱརྱཱ་པ་ར་མཨཱརྱཱ་དྷརྨ་བི་ཛ་ཡ་ནཱ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དོན་དམ་པའི་ཆོས་ཀྱི་རྣམ་པར་རྒྱལ་བ
420a5 ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།
420a6 བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས། རིང་པོར་མ་ལོན་པར་ག་ཡའི་རི་ལ་དགེ་སློང་མངོན་པར་ཞུགས་པ་མངོན་པར་ཞུགས་པ་རྣམས་དང་། བྱང་ཆུབ
420a7 སེམས་དཔའ་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་དང་ཐབས་ཅིག་ཏུ་བཞུགས་སྟེ། ལྷ་བྱེ་བ་ཟག་ཉི་ཤུ་རྩ་བརྒྱད་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་མ་བརྒྱད་ཁྲི་དྲུག
iiif viewer powered by OpenSeadragon
419b - 420b