| | e-texts navigator
|
419a1 ། བས་ཚུལསཔས་ཀྱི་སྦྱིན་པ་ལས། འོབ་འ་ནས་པ་རྩཝ་ང་རྫུན་བརྒྱང་། སྤངས་རྒྱས་ལ་ལ་དུ་ནུ་། ར།
419a2 གྱུར་ཏེ། མེ་ཏོག་གི་འདབ་མའི་བར་ན་སྤྲུལ་པའི་བྱང་ཆུབ་སེམས་དཔའ་གྲངས་མེད་པ་སྙེད་ཐལ་མོ་སྦྱར་ཏེ། དབྱངས་དུ་མས་ཚོགས་སུ་བཅད་ནས་སྟོང་དོ།། སྟེང་གི་རྣམ
419a3 མཁའ་ལ་སྤྲུལ་པའི་སངས་རྒྱས་བཞུགས་པའི་རྣམས་ཀྱི་ཞབས་ཀྱི་བྱིན་པ་ལས་འོད་བཀྱེ་བ་ཡང་སྔམ་བཞིན་ནོ།། ཀླུ་ཟ་མོ་བཅུ་དྲུག་ལག་ན་རི་དང་འ་བོང་དང་། གན་མ་\ུ0f7f
419a4 ཐོགས་ཏེ། སངས་རྒྱས་ཀྱི་སྤྱན་སྔར་ལྷགས་ནས། འཁོར་མང་པོས་འཇིགས་སྐྲགས་སྟེ། སངས་རྒྱས་ཀྱི་འོད་ཀྱི་ནང་དུ་ཞུགས་སོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས
419a5 གསེར་བཙོ་མ་ལྟ་བུའི་ཕྱག་བརྐྱང་ནས། ཕྱག་སོར་འབྲེལ་བའི་དྲ་བའི་བར་ན་རིན་པོ་ཆེ་ཆེན་པོའི་པདྨོ་ཆར་བཞིན་དུ་ཕབ་སྟེ། འཁོར་མང་པོ་རྣམས་ཀྱིས་ནི་སྤྲུལ་པའི་སངས་རྒྱས་སུ
419a6 མཐོང་ངོ་།། ཀླུ་རྣམས་ཀྱིས་ནི་ནམ་མཁའ་ལྡིང་གི་རྒྱལ་པོས་འཆག་ཅིང་ཟ་བ་ལྟ་བུར་མཐོང་སྟེ། ཀླུ་རྣམས་ནམ་མཁའ་ལྡིང་གིས་འཇིགས་སྐྲག་ནས་སངས་རྒྱས་ཀྱི་གྲིབ་མའི་ཕག་།
419a7 ཞུགས་ཏེ། སངས་རྒྱས་ལ་ཕྱག་འཚལ་ནས་སྲོག་གི་སྐྱབས་མཛད་དུ་གསོལ་ཞེས་སྨྲས་སོ།། བཅོམ་ལྡན་འདས་ཡོལ་བ་དང་། ཉེ་བར་གཤེགས་ནས་དགའ་བོ་ལ་གདིང་བཟིང
iiif viewer powered by OpenSeadragon
418b - 419b