e-texts navigator
Collection
Volume
Page
Wylie

418b1 བཅས་ཏེ། སངས་རྒྱས་ལ་སྡུག་འཚལ་ཏོ།། ཟིན་མོ་ལྔ་ཡང་བཞིན་གཤེགས་པ་ལ་ཕྱག་འཚལ་ཏོ།། དེའི་མ་ཞྭའི་བུརྣམས་ཀྱིས་མེ་ཏོག་པདྲ་བ་དང་། མཱ་རབ་རྒྱན་པོ་དང་། བ.རང་སྨྲ།
418b2 ཀ་དང་། མན་འཛུ་ཤ་ཀ་ཆེན་པོ་ཆར་བཞིན་དུ་འབ་སྟེ། མཆོད་པ་བྱས་ནས་ལྷའི་རྔ་ཡང་རང་རྡུང་ཞིང་། ཝ་རྣམས་ཕལ་མོ་སྦྱར་ནས་སྟེང་གི་ནམ་མཁའ་ལ་སྡོང་ངོ་དོ།། དེའི་ཚེ་རྒྱལ་པོ་འཁོར
418b3 སྟོང་དང་བཅས་ཏེ། བདུག་སྤོས་སྣ་ཚོགས་བསྲེགས་ནས་སྤྱི་བོས་སངས་རྒྱས་ཀྱི་ཞབས་ལ་སྡུག་འཚལ་ཏེ་གངན་ལ་བཟུགས་པར་གསོལ་ཏོ།། དེའི་ཚེ་ཀླུའི་རྒྱལ་པོས་ཀྱང་རྒྱ་མཚོའི་ནང་ནས་རིན
418b4 པོ་ཆེ་སྣ་བདུན་གྱི་ཁྲི་བྱུང་\ུ0f7f། སངས་རྒྱས་ལ་ལག་གིས་དར་ཏེ། ཕུལ་ནས་ཀྱང་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གི་མགོན་དང་སྐྱབས་མཛད་ཅིང་ལག་ན་རྡོ་རྗེ་འདི་དག
418b5 གི་ལུས་ལ་མི་གཙེ་བར་མཛད་པར་ཅི་གནང་ཞེས་གསོལ་ཏོ།། དེའི་ཚེ་དེ་བཞིན་གཤེགས་པས་ཚངས་པའི་དབྱངས་ཀྱི་སེམས་བུ་ལ་སྨྲས་པ་བཞིན་དུ་ཀླུའི་རྒྱལ་པོ་སྤྲོ་བ་བསྐྱེད་དོ།།
418b6 ཀླུའི་རྒྱལ་པོ་དང་སྲིན་མོ་ཡང་ཆོས་ཀྱི་རྒྱལ་པོར་བཏུལ་ཏོ།། དེའི་ཚེ་རྒྱལ་པོས་ཁྲི་ཐོན་པོ་བཙུགས་ཏེ། གདན་རབ་ཏུ་འཇམ་པོ་བཏིང་ནས་རས་དཀར་པོའི་ཡོལ་བས་བསྐོར་ཅིང
418b7 མུ་ཏིག་གི་དྲ་བས་བླ་རེར་བྲེས་ནས། བཅོམ་ལྡན་འདས་གདན་དེ་ལ་བཞུགས་པར་གསོལ་ཏོ།། དེའི་ཚེ་བཅོམ་ལྡན་འདས་ཞབས་བཏེག་ནས་གཤེགས་པ་ན། རི་རིགས་ཀྱི་རྒྱལ་པོའི་ཕྱི།




iiif viewer powered by OpenSeadragon

418a - 419a

Texts on this page

Ty032-011 - sangs rgyas rjes su dran pa'i ting nge 'dzin gyi rgya mtsho zhes bya ba theg pa chen po'i mdo