e-texts navigator
Collection
Volume
Page
Wylie

418a1 སེམས་ཆག་པར་ཡང་སྐྱེས་ཏེ་བུལ་སྤྲོ་བ་ཟླས་ནས། དར་སངས་རྒྱས་གཅིག་ལས་མངན་མང་པོ་བྲལ་སྤྱོད་ཅེས་སྨྲས་སོ།། དེའི་རྒྱུ་ཅོ་ལྡན་ད།
418a2 ཀྱིས་ལག་ན་རྡོ་རྗེས་རྡོ་རྗེ་ཐོགས་པ་གྲངས་མེད་པའི་ལུས་སྤྲུལ་ནས། རྡོ་རྗེ་མགོ་ལ་མ་མགལ་བསྐོར་བུ་བཞིན་སུམ་འབྲར་ཏེ། མེའི་འཁོར་ལོ་འདུའི་ཆགས་སུ་སྟེང་གི་ནམ་མཁའ
418a3 བབས་ནས་མེ་རབ་ཏུ་འབར་བ་ལུགས་ཁུ་དང་འདྲ་བས་ཀླུ་མི་རུངས་པའི་ལུས་བསྲེགས་སོ།། ཀླུའི་རྒྱལ་པོ་དེ་འཇིགས་ཤིང་སྐྲབ་སྟེ། འབྲོས་ཁུང་མེད་ནས་སངས་རྒྱས་ཀྱི་རྨི།
418a4 མའི་ནང་སུ་རྨུགས་སོ།། སངས་རྒྱས་ཀྱི་སྒྲིབ་མ་རབ་ཏུ་བསིལ་བས་ཚལ་དངར་གྱི་ཆུས་དོག་པ་བཞིན་དུ། ཀླུའི་ཚ་བ་ཞི་བར་གྱུར་ནས་ནུམ་མཁའ་ལ་ལྟས་ན་སྟེང་གི་བར་སྣང་ལ
418a5 སངས་རྒྱས་ཀྱིས་ཡོངས་སུ་གང་བར་མཐོང་ངོ་།། སྤྲུལ་པའི་སངས་རྒྱས་དེ་དག་ཀྱང་སོ་སོ་ནས་འོད་ཟེར་གྲངས་མེད་པ་སྟོང་སྟེ། འོ་ད་གཅིག་གི་ནང་ན་ཡང་སྤྲུལ་པའི་སངས་རྒྱས་ཚད།
418a6 མེད་པ་དག་བཞུགས་སོ།། སྤྲུལ་པའི་སངས་རྒྱས་དེ་དག་ཀྱང་སོ་སོ་ནས། འོད་གྲངས་མེད་པ་བརྒྱ་སྟོང་སྙེད་གཏོང་ངོ་།། འོད་དག་གི་ནང་ན་ཡང་ལག་ན་རྡོ་རྗེས་རྡོ་རྗེ་གསོར་བས་ཡོངས
418a7 སུ་གང་བར་མཐོང་ངོ་།། ཀླུ་རྣམས་ཀྱིས་སངས་རྒྱས་མཐོང་ནས་རབ་ཏུ་དགའ་བའི་སེམས་སྐྱེས་སོ།། ལག་ན་རྡོ་རྗེ་མཐོང་ནས་རབ་ཏུ་འཇིགས་ཤིང་སྐྲག་སྟེ། ཐལ་མོ་སྦྱར་ནས་བསྟི་སྟང




iiif viewer powered by OpenSeadragon

417b - 418b

Texts on this page

Ty032-011 - sangs rgyas rjes su dran pa'i ting nge 'dzin gyi rgya mtsho zhes bya ba theg pa chen po'i mdo