e-texts navigator
Collection
Volume
Page
Wylie

415a1 འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དེ་ལ་ཇི་ཝར་ནཱ་དེ་བཞིན་གཤེགས་པས་ཡུལ་ན་གྲ་ཧ་ཞེས་བྱ་བ་ན། དྲང་སྲོང་སྙིང་གི་རི་མེ་ཏོག་ཙམ་པ
415a2 ཚུལ། ཀླུ་གདུག་པ་ཅན་གྱི་རྫིང་གི་འགྲམབདྨོ་སྔོན་པོའི་ཆུ་མིག་གི་བྱུང་ཕྱོགས་ཀྱི་ར~ཾ་ཨ་ན་སི་ཞེས་བྱ་བའི་ལྷོ་ཕྱོགས་ན་སྲིན་པོའི་ཐེག་ཕུག་ཡོད་དོ།། དེའི་ཚེ་ཟག་དྲུག་དེན་སྦྱིན་མོ།
415a3 ཞིག་ཀླུའི་བུ་མོར་སྤྲུལ་ཏེ། ཀླུ་གདུག་པ་ཅན་དང་འཁྲིག་ནས། ཀླུའི་གདུག་པས་ནི་སེར་བ་ཕབ་། སྲིན་མོས་ནི་ཆོས་མ་ཡིན་པ་སྤྱོད་དོ།། མུག་དང་ནད་ཡམས་ཟུང་ནས་ལོ་བ
415a4 བར་དུ་མ་ཆད་དོ།། དེའི་ཚེ་ཡུལ་དེའི་རྒྱལ་པོ་དེ་འཇིགས་ཤིང་སྐྲག་ནས། བདག་གིས་ལྷ་ལ་མཆོད་པ་བྱས་ཀྱང་ཕན་པར་མ་གྱུར་ཏོ།། ཡུལ་གྱི་སྔགས་མཁན་གྱིས་ཀླུ་གདུག་པ་ཅན་ལ།
415a5 སྔགས་བྱས་ཀྱང་སྲིན་མོའི་མཐུ་ཆེ་བས་སྔགས་ཀྱི་མ་ཚུགས་སོ།། དེའི་ཚེ་རྒྱལ་པོ་དེ་འདི་སྙམ་དུ་ལྷ་འམ་མི་ཞིག་གིས་སྲིན་མོ་འདི་ཡང་བསྐྲད་ལ། ཀླུ་གདུག་པ་ཅན་འདི་ཡང་བཏུལ་ན། བདག།
415a6 གི་ལུས་མ་ཡིན་པ་གཞན་ཅི་ཡང་མི་ཕངས་སོ་སྙམ་བསམས་སོ།། དེའི་ཚེ་ཡུལ་དེ་ན་ཀུན་ཏུ་རྒྱུ་བ་ཤེས་རབ་རྣོ་ཞིང་མང་དུ་ཤེས་པ་དང་ལྡན་པ་ཞིག་གིས་རྒྱལ་པོ་འདི་སྐད་ཅེས་གསོལ་ཏོ།།
415a7 ཡུལ་སེར་ཀྱ་ཞེས་བགྱི་བ་ན་རྒྱལ་པོ་ཟས་གཙང་མའི་སྲས་ཤིག་ཐོག་མ་བལྟམས་པ་ན། ཝ་ཐམས་ཅད་ཀྱིས་བསྲུངས་ཏེ་རིན་པོ་ཆེ་སྣ་བདུན་པ་ལྡན་ནས། དྲང་སྲོང་མཚན་མཁན་མི་དཀར




iiif viewer powered by OpenSeadragon

414b - 415b

Texts on this page

Ty032-011 - sangs rgyas rjes su dran pa'i ting nge 'dzin gyi rgya mtsho zhes bya ba theg pa chen po'i mdo