| | e-texts navigator
|
414b1 པར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། དེ་བཞིན་གཤེས་པ་ཡོངས་སུ་མྱ་ངན་ལས་འདུས་ནས། སེམས་ཅན་གང་ཆོས་འདི
414b2 སེམས་པའམ། ཆོས་འདི་རྗེས་སུ་དྲན་པར་བྱེད་པའམ། དེ་ལྟར་འདུ་ཤེས་ཡིད་ལ་བྱེད་པ་ནི་བསྐལ་པ་ཁྲི་ཟག་བརྒྱད་ཅུ་སྙེད་ཀྱི་འཁོར་བའི་ཉེས་པ་ཡོངས་སུ་སྤོང་བར་གྱུར
414b3 ཞིང་གང་ནས་གང་དུ་སྐྱེས་ཀྱང་ཡི་དགས་ཀྱི་ལུས་སུ་མི་འགྱུར་ཏེ་རྟག་ཏུ་སངས་རྒྱས་དང་མི་འབྲལ་ཞིང་ཕྲད་པར་འགྱུར་རོ་ཅི་སྟེ་སངས་རྒྱས་མི་བཞུགས་པའི་དུས་སུ
414b4 སྐྱེས་ན་ཡང་། རང་སངས་རྒྱས་དང་ཟད་པར་འགྱུར་རོ།། གལ་ཏེ་རང་སངས་རྒྱས་མེད་ན་ཡང་དྲང་སྲོང་ཆེན་པོ་དང་ཕྲད་དེ། ཡང་དག་པའི་ལམ་སྟོན་པར་འགྱུར་རོ།། བཅོམ
414b5 ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། ཁྱོད་རྗེས་སུ་དྲན་པར་བྱ་བའི་སྤྱོད་ཡུལ་འདི་གཟུངས་སུ་ཟུང་ལ། བྱི་མ་མ་འོངས་དུས་ཀྱི་སེམས་ཅན་རྣམས་ལ་རྒྱས་པར་སྟོན
414b6 ཅིང་ཤོག་ཅིག། འདི་ནི་སངས་རྒྱས་ཀྱི་མངོན་པར་ཤེས་པའི་སྤྱོད་ཡུལ་ཞེས་བྱ་སྟེ། དངོས་འདི་ལས་ལོག་ན་སངས་རྒྱས་ལ་སྐུར་པ་དང་། བྱང་ཆུབ་ཀྱི་ས་བོན་བཅད་པ
414b7 ཞེས་བྱའོ།། གང་ཆོས་འདི་འཛིན་པ་ལ་ཡི་དགས་དང་གདོན་གྱིས་མི་ཚུགས་ཏེ། སངས་རྒྱས་ཐམས་ཅད་ཀྱིས་དགོངས་ཤིང་སྐྱོབ་པར་འགྱུར་རོ།། བཅོམ་ལྡན
iiif viewer powered by OpenSeadragon
414a - 415a