e-texts navigator
Collection
Volume
Page
Wylie

413b1 གསུང་དབྱངས་ཀྱི་ཕམས་བུ་ལ་སྭ་བ་ལྔ་ཡི་དགས་ཀྱི་བདག་པོའི་སྤྲོབ་བསྐྱེད་དོ།། ལག་ན་རྡོ་རྗེས་ཡི་དགས་ཀྱི་བདག་པོ་ལ་སྨྲས་པ། ཁྱོད་དེང་མྱུར་དུ་སངས་རྒྱས་དང་། ཆོས་དང་། དན
413b2 འདུན་ལ་སྐབས་སུ་སོང་ཤིག། ཁྱོད་གལ་ཏེ་སྐྱབས་སུ་མི་འགྲོ་ན་ཁྱོད་དང་ཁྱོད་ཀྱི་འཁོར་ཁྲི་ཕྲག་བརྒྱ་སྟོང་དུ་བཅས་ཏེ་རྡུལ་བཞིན་དུ་ཕྱེ་མར་རླག་གོ། དེ་ནས་འབྲོག་དགོན་ནི
413b3 ཡི་དགས་ཀྱི་བདག་པོ་འཇིགས་ཤིང་སྐྲག་ནས་ཡན་ལག་ལྔ་སྩ་ལ་གཏུགས་ཏེ། སངས་རྒྱས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས
413b4 བདག་གི་ཟས་སུ་མི་ཤ་འཚལ་ན། དཆོག་མ་ཀུམ་ན་ཅི་ཞིག་འཚལ་བར་གྱི། བཅོམ་ལྡན་འདས་ཀྱིས་ཡི་དགས་ཀྱི་བདག་པོ་ལ་བཀའ་སྩལ་པ། ཁྱོད་སྲོག་མི་གཅོད་པར་ནུས་ན
413b5 ངའི་ཉེ་གནས་རྣམས་ཆོས་མེད་པར་མ་གྱུར་གྱི་བར་དུ་ཁྱོད་ཀྱི་ཟས་སྦྱིན་དུ་གཞུག་གོ།། ངའི་བྱིན་གྱིས་བརླབས་ཀྱིས་ཁྱོད་འགྲངས་པར་ཡང་བྱའོ།། ཡི་དགྲས་ཀྱི་བདག་པོས་དེ་སྐད་ཅེས
413b6 བཀའ་སྩལ་བ་ཟོས་ནས་རབ་ཏུ་དགའ་སྟེ། ཐལ་མོ་སྦྱར་ནས་དེ་དེ་བཞིན་གཤེགས་པ་ལས་ཁྲིམས་ལྔ་མནོས་སོ།། ཁྲིམས་ལྔ་མནོས་ནས། མེའི་རི་རྣམས་འདབ་ཆགས་སུ་སྤྲུལ་པའི
413b7 སངས་རྒྱས་ཀྱིས་འབྲོག་དགོན་པར་ཡོངས་སུ་གང་ཞིང་། སྤྲུལ་པའི་སངས་རྒྱས་གཅིག་ཅིང་། ཞབས་འབྲིང་དགའ་བོ་རེ་རེ་ཡོད་པར་མཐོང་ངོ་།། སྤྲུལ་པའི་སངས་རྒྱས་དེ་དག་སོ་སོ།།




iiif viewer powered by OpenSeadragon

413a - 414a

Texts on this page

Ty032-011 - sangs rgyas rjes su dran pa'i ting nge 'dzin gyi rgya mtsho zhes bya ba theg pa chen po'i mdo