| | e-texts navigator
|
413a1 ཀྱི་བདག་པོ་མ་ཐུལ་ཏོ།། དེའི་ཚེ་དེ་ཉིད་ལག་ན་རྡོ་རྗེ་རྡོ་རྗེ་གསོར་ཞིང་རལ་གྲི་ཕྱར་ནས། ཁྲོ་གཉེར་བསྐུམས་མིག་ནི་གློག་ལྟར་འབར་ཨག་ཅོམ
413a2 ཡང་མཚོན་ལྟར་རྣོ་སྟེ། རྡོ་རྗེ་ཡི་དགས་ཀྱི་བདག་པོ་ལ་གཟས་པ་དང་། གནམ་ས་ཀུན་ཏུ་དེར་ཅེས་གྲགས་པའི་སྐད་ཆེན་པོ་ཕྱུང་བས་ཡི་དགས་དེ་སྐྲག་ནས་ཁྱེའུ་ཆུང་ངུ་དེ་པ་བླ་བླངས་ཏེ
413a3 བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་པུས་མོ་བཙུགས་ནས་སངས་རྒྱས་ལ་ཕྱག་འཚལ་ཏེ་དགོངས་ཤིག། བཅོམ་ལྡན་འདས་ཐུགས་བརྩེ་བའི་སླད་དུ་བདག་གི་སྲོག་གི་སྐྱབས
413a4 མཛོད་ཅིག་ཅེས་གསོལ་ཏོ།། དེའི་ཚེ་ལག་ན་རྡོ་རྗེའི་རྡོ་རྗེ་དེ་ཉིད་ལྕགས་ཀྱི་རི་ཆེན་པོ་ངོས་བཞི་ནས་མེ་འབར་བའི་རིམ་པ་བདུན་གྱིས་བསྐོར་བར་སྤྲུལ་ཏོ།། ཡི་དགས་ཀྱི་བདག་པོ་དེ་མེས་རབ་ཏུ
413a5 གདུངས་པ་ལས་པང་ན་ཁྱེའུ་འདུག་པ་དེས་ལག་པ་བཏེག་སྟེ། ཡི་དགས་ཀྱི་བདག་པོ་ལ་སྨྲས་པ་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་གྱིས་ཤིག། ཁོ་བོས་ཀྱང་སངས་རྒྱ་ཞེས་བརྗོད་པས་འཆི་བ་ལས
413a6 སོས་པར་གྱུར་གྱིས་ཁྱེད་ཀྱང་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་གྱིས་ཤིག། ཅེས་བརྗོད་དོ།། དེའི་ཚེ་ཡི་དགས་ཀྱི་བདག་པོ་འཇིགས་སྐྲག་ནས་མ་ཚོར་བར་སངས་རྒྱས་ལ་ཕྱག་འཚལ་ལོ།།
413a7 ཞེས་སྨྲས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། དགེ་སྦྱོང་གོའུ་ཏ་མ་བདག་གི་སྲོག་གི་སྐྱབས་མཛད་དུ་གསོལ་ལོ་ཞེས་བརྗོད་དོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚངས་པའི
iiif viewer powered by OpenSeadragon
412b - 413b