| | e-texts navigator
|
412b1 ལྡན་འདས་ཀྱིས་འབྲོག་དགོན་པར་གཤེགས་ནས་སྤྲིན་མཚམས་ཀྱི་མཛོད་སྤུ་དཀར་པོའི་འོད་ཟེར་བཏང་ནས། འོད་ཟེར་དེས་ཁྱེའུ་ཆུང་ངུ་སྟུག་ཅིང་དངངས་པ་དེའི
412b2 ལ་རེག་པར་བྱས་སོ།། ཁྱེའུ་དེས་འོད་ཟེར་དེ་མཐོང་བ་དང་། ཕ་མ་མཐོང་བ་དང་འདྲེ་བར་འཇིགས་པ་འམ། བག་ཚ་བའི་སེམས་མེད་དོ།། དེའི་ཚེ་འབྲོག་དགོར་པའི་མི
412b3 དགས་ཀྱི་བདག་པོས་ཕ་བོང་ཆེན་པོ་ཆེ་ཁྱད་འཕང་དུ་མཐོ་བརྒྱ་ཉི་ཤུ་པ་ཅིག་བླངས་ཏེ། བཅོམ་ལྡན་འདས་ལ་གཟས་ནས་མིག་ནས་མེ་དང་གློག་བྱུང་ཏེ
412b4 འབྲུག་གི་སྒྲ་ལྟ་བུ་བསྒྲགས་ནས་སེར་བ་ཆེ་ཁྱད་བྱ་ནམ་མཁའ་ལྡིང་གི་སྒོ་ང་ཙམ་ཤ་སྟག་གིས་དེ་བཞིན་གཤེགས་པའི་སྟེང་གི་ནམ་མཁའ་ལས་བཏེག་གོ། སངས་རྒྱས
412b5 ཀྱི་སྐུ་ལ་མ་རེག་པར་སྤྲུལ་པའི་སངས་རྒྱས་སུ་གྱུར་ཏེ། སྤྲུལ་པའི་སངས་རྒྱས་དེ་དག་སོ་སོ་ནས་མེ་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་བཞུགས་སོ།། མེ་དཔལ་གྱིས་འབྲོག
412b6 དབེན་པའི་ས་གནས་ཀུན་རབ་ཏུ་འབར་བར་བྱས་ཀྱང་ཡི་དགས་ཀྱི་བདག་པོ་མ་སྐྲག་སྟེ། ནམ་མཁའ་ལས་ཕ་བོང་འཕངས་སོ།། ཕ་བོང་དེ་ཡང་རིན་པོ་ཆེའི་ཁང་པ་བརྩེགས
412b7 པར་གྱུར་ཏེ། ཁང་པ་བརྩེགས་པ་དེ་ལས་སངས་རྒྱས་ཁྲི་ཕྲག་དུམ་གསུང་འཐུན་པར་བྱམས་པའི་སེམས་དང་ལྡན་པ་བསྔགས་ཤིང་བསྟོད་པ་འཆང་ཀྱང་ཡི་གས
iiif viewer powered by OpenSeadragon
412a - 413a