e-texts navigator
Collection
Volume
Page
Wylie

411b1 ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་གྱི་རྒྱ་མཚོ་ཞེས་བྱ་བའི་མདོ།།
411b2 བམ་པོ་བརླན་པ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པ་འཇོག་དགོན་པའི་ཡི་དགས་ཀྱི་བདག་པོ་ཆེན
411b3 པོ་བཏུལ་ཞེ་ན། ངས་མཉན་དུ་ཡོད་པའི་རྒྱལ་བུ་ཛེ་ཏའི་ཚལ་གྱི་གཞལ་མེད་ཁང་ནསྲ་གསེར་གྱི་ཁ་དོག་ལྟ་བུའི་འོད་ཟེར་བཏང་ནས། མཉན་དུ་ཡོད་པའི་གྲོང་ཁྱེར་གསེར་གྱི་ཁ་དོག
411b4 བུར་སྣང་བར་གྱུར་ཏོ།། ཡུལ་མཉན་དུ་ཡོད་པ་ན་ཁྱིམ་བདག་ནོར་དཔལ་ཞེས་བྱ་བ་ཞིག་ཡོད་དོ།། ཁྱིམ་བདག་རེལ་བུ་ལོ་གསུམ་ལོན་པ་ཞིག་ཡོད་པ་ལས། ཁྱིམ་བདག་གིས་བུ་དེ་ལ
411b5 སྐྱབས་སུ་འགྲོ་བ་གསུམ་བསྟན་ཏོ།། དེའི་ཚེ་འབྲོག་དགོན་པའི་ཡི་དགས་ཀྱི་བདག་པོ་བཀྲེས་སྐོམ་པས་གདུངས་ནས། མཉན་དུ་ཡོད་པའི་གྲོང་ཁྱེར་དུ་སོང་ནས། བུས་པ་ཆུང་ངུན
411b6 བཟུང་ངོ་།། དེའི་ཚེ་ཁྱིམ་བདག་གོ་དྲུངས་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་སྨྲས་ས།། དེ་སྐད་ཅེས་བརྗོད་པས་ཡི་དགས་ཀྱི་བདག་པོ་ཁ་འ་ཐམས་ནས་བྲ་ནི་མནུས་ཏེ། མིག་ན་ས
411b7 བྱུང་ད་ཀྱེ་འུང་ལ་བསྡིགས་སོ།། ཡི་དགས་ཀྱི་ལུས་མི་སྡུག་པ་ནི་སྙིང་ཀ་ནང་གིསུམ་ཡོད་པ། ལྟེ་བ་ན་ངོ་གནས་ཡོད་པ། པུས་མོ་གཉིས་ན་ཡང་ངོ་རེ་རེ་ཡོད་པ་ལས་བགྲང་གི་མགོ་ཉས




iiif viewer powered by OpenSeadragon

411a - 412a

Texts on this page

Ty032-011 - sangs rgyas rjes su dran pa'i ting nge 'dzin gyi rgya mtsho zhes bya ba theg pa chen po'i mdo