| | e-texts navigator
|
411a1 བཀའ་སྩལ་པ། ཁྱོད་ཕྱི་མའི་དུས་ན་སངས་རྒྱས་ཀྱི་མཛད་པ་ཆེན་པོ་མཛད་པར་འགྱུར་རོ།། ང་ཡོངས་སུ་མྱ་ངན་ལས་འདས་ནས། བའི་ན་གནས་རྦ
411a2 གྱུར་པའི་རྣམས་ཁྱོད་ལ་གཏམས་སོ།། ནམ་མཁའ་ལ་བཞུགས་པའི་སྤྲུལ་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུང་འཐུན་པར་དེ་སྐད་དུ་གསུངས་སོ།། སེམས་ཅན་གང་ལ་ལན
411a3 དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་སངས་རྒྱས་ཀྱི་སྐུ་གཟུགས་བྱས་ཏེ། མེ་ཏོག་དང་གདུགས་དང་རྒྱལ་མཚན་དང་བ་རན་དང་སྤོས་ལ་སོགས་པའི
411a4 མཆོད་པའི་ཡོ་བྱད་ཀྱིས་མཆོད་ན་གང་ཟག་དེ་སངས་རྒྱས་རྗེས་སུ་དྲན་པའི་རྣམ་པར་དག་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ།། སེམས་ཅན་གང་དག་སངས་རྒྱས་གཤེགས་པའི་མཚ
411a5 དང་དཔེ་བྱད་བཟང་པོ་རྣམས་ཡིད་ལ་བྱས་ན་ངེས་པར་སངས་རྒྱས་མང་པོ་རྣམས་མཐོང་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། སངས་རྒྱས
411a6 ཡོངས་སུ་མྱ་ངན་ལས་འདས་ནས་སངས་རྒྱས་ཀྱི་ཉེ་གནས་སུ་གྱུར་པའི་རྣམས་སངས་རྒྱས་བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་གནམ་དུ་གཤེགས་པའི་འོད་ཟེར་དང་མཚན་དང་དཔེ་བྱ
411a7 དང་རྒྱས་ཤེས་པའམ་སངས་རྒྱས་ཀྱི་སྐུ་གཟུགས་མཐོང་བ་དག། བསྐལ་པ་ཆེན་པོ་སྟོང་སྙེད་ཀྱི་ཁ་ན་མཐོ་བའི་སྡིག་པ་རྩི་བ་ཀུན་བྱང་བར་འགྱུར་རོ།། གང་གིས་དེ་ལྟ་བུར་མཐོང་བའི།
iiif viewer powered by OpenSeadragon
410b - 411b