| | e-texts navigator
|
409b1 བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། ཡུམ་སྒྱུ་མའི་ལྷ་མོ་ལ་གཏོར་ཏོ།། གཏོར་བའི་མེ་ཏོག་དེ་དག་ཀྱང་སྟེང་གི་ནམ་མཁའ་ལ་སོ་སོ་ནས་མེ་ཏོག་གི་གདུགས་སུ་གྱུར་ཏོ།། སོ་སོའི་མ།
409b2 གི་གདུགས་ཀྱི་ནང་ནས་སྤྲུལ་པའི་སངས་རྒྱས་གྲངས་མེད་པ་སྙེད་ཐལ་མོ་སྦྱར་ཏེ་བཞེངས་ནས། ཡུམ་སྒྱུ་མ་ལ་གསོང་པོར་གསུང་ངོ་།། དེའི་ཚེ་སུམ་ཅུ་རྩ་གསུམ་གནམ་གྱི་ཕོ་བྲང་གི་ནང་ན།
409b3 སྤྲུལ་པའི་སངས་རྒྱས་ཀྱིས་ཡོངས་སུ་གང་བར་གྱུར་ཏོ།། དེ་ནས་དེའི་ཚེ་ཡུམ་སྒྱུ་མའི་དབུའི་གཙུག་ནས་མཆོད་པའི་ཡོ་བྱད། གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་གྲངས
409b4 མེད་པ་རང་བྱུང་ནས། སངས་རྒྱས་དེ་དག་ཀུན་ལ་མཆོད་པ་ཆེན་པོ་བྱས་སོ།། གདུགས་དང་། རྒྱལ་མཚན་དང་བ་ངན་དེ་དག་གི་ནང་ནས་སངས་རྒྱས་ལ་བསྟོད་པ་དང་དམ་པའི་ཆོས་བསྡུས
409b5 པ་དང་། དགེ་སློང་གི་དགེ་འདུན་བསྟན་པའི་སྒྲ་དབྱངས་དག་བྱུང་བར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། འདི་དག་ནི་དེ་བཞིན་གཤེགས་པ་འཛམ་བུའི་གླིང་རས་སུ
409b6 བཅུ་གསུང་གནམ་དུགཤེགས་པའི་སྐུ་གཟུགས་དང་། མཚར་དང་དཔེ་བྱང་དང་འོད་ཟེར་དང་། སྤྲུལ་པའི་དངོས་པོ་ནི་འདི་རྣམས་ཡིན་ནོ།། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས།
409b7 འདས་ནས་སངས་རྒྱས་ཀྱི་ཉེ་གནས་སུ་གྱུར་པ་དག། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྷ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། གང
iiif viewer powered by OpenSeadragon
409a - 410a