| | e-texts navigator
|
409a1 བའི་དེ་བཞིན་གཤེགས་པས་ཀྱང་ཕྱག་ན་རིན་པོ་ཆེའི་འདྲོ་བསྣམས་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། ཡུམ་སྠཱ་མའི་ལྷ་མོ་ལ་གཏོར་ཏོ།། དེཡང་སྣང་གིནམ།
409a2 མཁའ་ལ་མེ་ཏོག་གི་གདུགས་སུ་གྱུར་ཏེ། གདུགས་ཀྱི་ནང་ནས་སྤྲུལ་པའི་སངས་རྒྱས་གྲངས་མེད་པ་སྟེང་ཐལ་མོ་སྦྱར་ཏེ་བཞེངས་ནས་ཡུ་མ~ཾ་སྒྱུ་མ་ལ་གསོང་པོར་གསོང་ངོ་།། བྱང་ཕྱོགས
409a3 ན་ལེགས་པའི་མཚན་ཞེས་བྱ་བའི་དེ་བཞིན་གཤེགས་པས་ཀྱང་རིན་པོ་ཆེའི་བདྨོ་བསྣམས་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་ཡུམ་སྒྱུ་མའི་ལྷ་མོ་ལ་གཏོར་ཏོ།། དེ་ཡང་སྟེང་གི་ནམ་མཁའ།
409a4 མེ་ཏོག་གི་གདུགས་སུ་གྱུར་ཏོ།། གདུགས་དེའི་ནང་ནས། སྤྲུལ་པའི་སངས་རྒྱས་གྲངས་མེད་པ་སྙེད་ཐལ་མོ་སྦྱར་ཏེ་བཞེངས་ནས། ཡུམ་སྒྱུ་མ་ལ་གསོང་པོར་གསོང་ངོ་།། ཤར་ལྷོའི་ཕྱོགས
409a5 ན་མྱ་ངན་དང་བྲལ་བ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དང་། ལྷོ་ནུབ་ཀྱི་ཕྱོགས་མཚམས་ན་རིན་ཆེན་གཏོང་བ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དང་། ནུབ་བྱང་གི་ཕྱོགས་མཚམས་ན་ཡོན་ཏན་མེ
409a6 ཏོག་ཅེས་བྱ་བའི་དེ་བཞིན་གཤེགས་པ་དང་། བྱང་ཤར་གྱི་ཕྱོགས་མཚམས་ན་ཐེག་པ་གསུམ་སྤྱོད་ཅེས་བྱ་བའི་དེ་བཞིན་གཤེགས་པ་དང་། བླ་མའི་ཕྱོགས་ན་རྒྱ་ཆེ་ཡོན་ཏན་ཞེས་བྱ་བའི་དེ་བཞིན
409a7 གཤེགས་པ་དང་། འོག་མའི་ཕྱོགས་ན་སྣང་བའི་ཡོན་ཏན་ཞེས་བྱ་བའི་དེ་བཞིན་གཤེགས་པ་ལ་སོགས་པའི་སངས་རྒྱས་དེ་དག་ཀུན་གྱིས་ཀྱང་སོ་སོ་ནས་ཕྱག། རིན་པོ་ཆེའི་བདྨོ་བསྣམས་ཏེ།
iiif viewer powered by OpenSeadragon
408b - 409b