| | e-texts navigator
|
408a1 དད་སེལ།། ཞལ་ནས་འོད་བཀྱེ་སྟེ།། ཕྱོགས་བཅུར་སྣང་བྱས་ནས།། གནས་འདིར་གཤེགས་པར་གྱུར།། སངས་རྒྱས་གསར་ཐུབ་ཀྱང་།། གྲངས་མེད་སྐུ་སྤྲུལ་ཏེ།
408a2 ཚད་མེད་འོ་བ་ཀྱེ་ནས།། གནས་འདིར་གཤེགས་པར་གྱུར།། བདེ་གཤེགས་འོད་སྲུངས་དེ།། རིན་ཆེན་ཁང་བརྩེགས་ནས།། མཁའ་ལས་ཆོ་འཕྲུལ་སྟོན།། གནས་འདིར་གཤེགས་པར་གྱུར།
408a3 སངས་རྒྱས་ཤཱཀྱ་ཡང་།། ལྔ་བརྒྱའི་སྐུར་སྤྲོས་ཏེ།། སྤྲུལ་པགྲངས་མེད་དང་།། འོར་བཀྱེ་གནས་འདིར་གཤེགས།། བྱམས་པ་བྱང་ཆུབ་དང་།། བསྐལ་པ་བཟང་པོའི་གཙོ།། ཀུན་གྱིས་འོང་བཏང་ནས
408a4 གནས་འདིར་གཤེགས་པར་གྱུར།། བཀྲ་ཤིས་དཔལ་གྱི་གནས།། དགའ་སྦྱིན་འདུས་མ་བྱས།། བཅོམ་ལྡན་གཤེགས་པའི་ས།། ཐུབ་པ་སྐྱེ་བའི་གནས།། མྱ་ངན་འདའ་བའི་ཁྱིམ།། མཁས
408a5 པས་ཕ་རོལ་ཕྱིན།། ཅེས་བརྗོད་དོ།། དེའི་ཚེ་བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་གནམ་གྱི་ཕོ་བྲང་དུ་གཤེགས་ནས་སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོ་ལས་འོད་ཟེར་བཏང་ནས། འོད་ཟེར་དེ་ཉིད་དྲི།
408a6 པོ་ཆེ་སྣ་བདུན་གྱི་གདུགས་ཆེན་པོར་གྱུར་ཏེ། ཡུམ་སྒྱུ་མའི་སྟེང་དུ་བླ་རེར་བྲེས་སོ།། རིན་པོ་ཆེ་སྣ་བདུན་གྱི་ཁྲི་རབ་ཏུ་མཛེས་པ་དག་ཡུམ་གྱི་གདན་དུ་གྱུར་ནས་དེ་ལ་ཡུམ་བཞུགས་སོ།། ཡུམ་གྱིས་སངས་རྒྱས
408a7 གཤེགས་པ་མཐོང་ནས། ཐལ་མོ་སྦྱར་ཏེ་རབ་ཏུ་བདུང་ནས་ཕྱག་འཚལ་བ་དང་། སྤྲུལ་པའི་སངས་རྒྱས་ལྔ་བརྒྱ་རྣམས་ཀྱིས་ཀྱང་ཕྱག་བརྐྱང་སྟེ་ཡུམ་ལ་བཏེག་གོ་འཁོར་ལྷ་རྣམས་ཀྱིས་ཀྱང་ཡུམ་ལས
iiif viewer powered by OpenSeadragon
407b - 408b