| | e-texts navigator
|
407a1 སྟོང་གིས་ཐལ་མོ་སྦྱར་ཏེ། གླུ་དང་དབྱངས་ཀྱི་སྒྲ་ཁྲི་ཕྲག་དུ་མས་དེ་བཞིན་གཤེགས་པའི་ཡོན་ཏན་ཚད་མེད་པ་ལ་བསྟོད་དོ།། དེའི་ཚེ་ཚངས་པའི་རྒྱལ་པོ་འཁོར་ཚངས་པ་བ།
407a2 སྟོང་དུ་མས་ལག་ན་བདུག་སྤོས་ཐོགས་ཤིང་རོལ་མོ་ཚད་མེད་པས་སངས་རྒྱས་ལ་མཆོད་ཅིང་གཡོན་རོལ་ནས་འགྲེང་ངོ་།། བརྒྱ་བྱིན་ལྷའི་དབང་པོ་ལ་སོགས་པ་ལྷའི་བུ་ཚད་མེད་པ་དང་ལྷའི་བུ་མོ་བརྒྱ་སྟོང་གི་རྣམ
407a3 ཀྱིས་ཀྱང་རྔ་དང་དུང་དང་། རོལ་མོ་དང་གླུ་དང་གར་རྣམས་ཀྱིས་མཆོད་ཅིང་གཡོན་རོལ་ནས་འགྲེང་ངོ་།། ཉན་ཐོས་དང་དགྲ་བཅོམ་པ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་སངས་རྒྱས་ཀྱི་གཡས་རོལ་ནས
407a4 མཆོད་པ་བྱེད་དོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་འོད་ཟེར་ཆེན་པོ་བཏང་ནས་སྐས་ཀྱི་མཐར་དང་འགྲམ་ཚུན་ཆད་སྣང་བར་བྱས་ཏེ། འོད་ཟེར་དེ་ཡང་སྤྲིན་ལྟ་བུར་གྱུར་ནས་ཁ་དོག་བརྒྱ་སྟོང་དུ་མ་དང་ལྡན་ཏེ། ཁང་པ
407a5 བརྩེགས་པ་ཡང་ཡང་ཐོག་ལྟ་བུར་གྱུར་ཏོ།། དེའི་ནང་ན་དེ་བཞིན་གཤེགས་པ་བཞུགས་ཤིང་འཁོར་ཡང་སྤྲུལ་པའི་སངས་རྒྱས་བརྒྱད་ཁྲི་བའི་སྟོང་སྙེད་ཀྱིས་བརྗོ་།། དེ་ལས་ཡང་སྤྲུལ་བའི་སངས་རྒྱས་སུའི
407a6 ཚང་སངས་རྒྱས་གཞན་དང་མཉམ་པ་ལྔ་བརྒྱ་སྙེང་ནི་ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ། སྤྱོད་ལམ་མཛེས་པར་གཤེགས་སོ།། སྤྲུལ་པའི་སངས་རྒྱས་དེ་དག་ཀྱང་སོ་སོ་ནས་འཁོར་དགའ་བོ་དང་། བསྙེན་དག
407a7 བོར་བཅས་སོ།། དེའི་ཚེ་བདུང་སྡིག་ཏོ་ཅན་ཡང་སྟེང་གི་ནམ་མཁའ་ལས་བདུད་ཀྱི་འཁོར་དང་བཅས་ཏེ། ཚིགས་སུ་བཅད་པ་དུམས་དེ་བཞིན་གཤེགས་པའི་ཡོན་ཏན་བསྔགས་ཤིང་བསྟོང་པོ
iiif viewer powered by OpenSeadragon
406b - 407b