e-texts navigator
Collection
Volume
Page
Wylie

406b1 བའི་སྐས་ལ་བཀོད་དོ།། ཚངས་པའི་རྒྱལ་པོས་ནི་ལག་ན་བདུག་སྤྲོས་ཐོགས་ནས། ཚངས་པའི་འཁོར་དང་བཅས་ཏེ་སྐས་ཀྱི་གཡས་གཡོན་ནུས་བསྟོད་དོ།། བདུག་སྤོས་ཀྱི་ངུ་དཔངག
406b2 བཻཌཱུཪྻའི་སྤྲིན་ལྟ་བུར་གྱུར་ནས། སྟེང་གི་ནམ་མཁའ་ལས་བདུག་སྤོས་ཀྱི་སྤྲིན་དུ་གྱུར་ཏོ།། སྤྲིན་གྱི་ནང་ནས་རོལ་མོའི་སྒྲ་དབྱངས་བརྒྱ་སྟོང་དུ་མ་སྙེད་སྒྲོགས་སོ།། ཀླུའི་རྒྱལ་པོ་དགའ་བོ་ལ་སོགས
406b3 པས་ནི་རྩཝ་མཚོའི་འགྲམ་གྱི་ཙན་ངན་ལ་སོགས་པའི་སྤོས་སྣ་ཚོགས་ཀྱི་ཕྱེ་མས་སྤངས་རྒྱས་ལ་འཐོར་རོ།། སྤོས་ཀྱི་འོད་འཚོར་བ་ནི་གསེར་གྱི་ཁ་དོག་ལྟ་བུར་གྱུར། མཐོ་ཁྱད་ཀྱང་སྲིད་པའི་རྩེ་མོ་ལ
406b4 གཏུགས་ཏེ་གསེར་གྱི་ཁང་པ་བརྩེགས་པར་གྱུར་ཏོ།། ཚད་མེད་པའི་ལྷ་རྣམས་ཀྱིས་ཀྱང་རྒྱན་དང་ལྷང་ལྷུབ་ཀྱིས་སྐས་ལ་བརྒྱན་ཏེ། ཡོ་བྱད་ཚད་མེད་པ་རྣམ་པ་མང་པོ་དག་གིས་བརྒྱན་ཏོ།། དེའི་ཚེ་བཅོམ
406b5 ལྡན་འདས་ཀྱིས་འཛམ་བུའི་གླིང་ནས་ཆོས་གོས་གསུམ་བསྣམས་ཏེ། དགའ་བོ་དང་བསྙེན་དགའ་བོ་དང་། སྒྲ་གཅན་འཛིན་ལ་སོགས་པ་དགེ་སློང་ལྔ་བརྒྱ་རྣམས་ཀྱང་ཞབས་འབྲིང་དུ་ཤོག་ཤིག་ཅེས
406b6 བཀའ་སྩལ་ཏོ།། བཅོམ་ལྡན་འདས་ཀྱིས་ཞབས་བཏེག་པ་ན་ས་རྣམ་པ་དྲུག་ཏུ་གཡོས་སོ།། ཞབས་ཕབ་པ་ན་ས་ལས་རིན་པོ་ཆེའི་ཕོ་ཟང་ཚངས་པའི་རྒྱལ་པོའི་གཞལ་མེད་ཁང་ལྟ་བུ་ཐུང་ནས། གཞལ
406b7 མེད་ཁང་འདབ་ཆགས་སུ་ནམ་མཁའ་ལ་ལྡིང་ཞིང་། བཅོམ་ལྡན་འདས་གཤེགས་པའི་སྐས་ཀྱི་གཡས་གཡོན་བརྒྱན་ཏོ།། བྱང་ཆུབ་སེམས་དཔའ་ས་འཛིན་དང་། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དས།




iiif viewer powered by OpenSeadragon

406a - 407a

Texts on this page

Ty032-011 - sangs rgyas rjes su dran pa'i ting nge 'dzin gyi rgya mtsho zhes bya ba theg pa chen po'i mdo