| | e-texts navigator
|
394a1 དེའབྱམས་པའི་སེམས་དང་ལྡན་པར་བསྒོམ་པ་ནི་བྱམས་པཆེན་པོ་ཞེས་དྲུའོ།། བྱམས་པ་བསྒོམས་ནས་རྙིང་ནི་ཆེན་པོ་བསྒོམ་པར་བྱའོ།། ང་རྗེཞེས་དྲུག
394a2 ནི་ཁམས་གསུམ་གྱི་སེམས་ཅན་སྡུག་བསྔལ་གྱིས་གདུངས་པ་དག་མཐོང་བ་དང་བདག་གི་སྙིང་ལ་མངས་ཐེག་པ་འམ། མིག་གི་འབྲས་བུས་ལ་ལྷུང་བ་ཙམ་དུ་རབ་ཏུ་སྟོ་ཧཱུཾ་བསྐྱེད་དོ།། སེམས
394a3 ཅན་ཚབས་གདུངས་པ་དང་བཀྲུས་ཤིང་སྐོམ་པ་བདག་མཐོང་ན། བདག་གི་ལུས་ལས་ཁྲག་ཆར་བཞིན་དུ་བབ་སྟེ། དེ་དག་སྡུག་བསྔལ་ལས་གནོད་པར་བསམ་མོ།། དེལྟ་བུར་སྙིང་རྗེ།
394a4 ལ་ཡང་སྒོ་ཁྲི་ཕྲག་བརྒྱ་སྟོང་སྙེད་ཡོད་དེ། རྒྱས་པར་ནི་སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་ལས་བཤད་པ་བཞིན་ནོ།། དེ་ལྟར་བྱམས་པ་དང་། སྙིང་རྗེ་བསྒོམས་ནས་དགའ་བ་ཆེན་པོ་བསྒོམ་པར་བྱའོ།།
394a5 དགའ་བ་ཆེན་པོ་ཞེས་བྱ་བ་ནི། སེམས་ཅན་རྣམས་རབ་ཏུ་བདེ་ཞིང་སྐྱེད་པ་དག་མཐོང་ན་བདག་ཉིད་ཀྱིས་ཉམས་སུ་མྱོང་བ་དང་། འདྲ་བར་རབ་ཏུ་དགའ་བའི་སེམས་བསྐྱེད་དོ།། དེ་ལྟར་དགའ་བ
394a6 སྐྱེད་ནས་བཏང་སྙོམས་ཆེན་པོ་བསྒོམ་པར་བྱའོ།། བཏང་སྙོམས་ཞེས་བྱ་བ་ནི་སེམས་ཅན་དེ་དག་ཀུན་སྣང་བ་དང་། མི་སྣང་བ་དང་། འོངས་པ་དང་། སོང་བ་ཡང་སེམས་ལས་བྱུང་བ་ཙམ་མོ།
394a7 སེམས་ལས་བྱུང་བ་ནི་རྟེན་ཅིང་འབྲེལ་ཏེ་བྱུང་བ་ལས་ཞེས་བླ་དགས་སུ་བཏགས་སོ།། ད་ལྟར་སེམས་དང་འདྲ་ཤེས་ནི་ནམ་མཁའི་མེ་ཏོག་ལྟར་ཕྱིན་ཅི་ལོག་ལ་ལས་བྱུང་བའོ།། ཐུག
iiif viewer powered by OpenSeadragon
393b - 394b