| | e-texts navigator
|
392a1 རྣམས་ཀྱི་ཐུགས་དང་སངས་རྒྱས་རྣམས་སོ་སོའི་ཕ་མའམ། དགེ་བའི་བཤེས་གཉེན་དང་གཉེན་བཤེས་ལྟ་བུར་ཐོང་སྟེ། བགས་ཀྱིས་འཇིག་རྟེན་ལས་འདས་པའི་ཆོས་ཀྱང་བག།
392a2 པ་ཐོས་པར་གྱུར་ཏོ།། དེའི་ཚེ་སྟེང་གི་ནམ་མཁའ་ལས་འདི་སྐད་ཀྱི་སྒྲ་ཆེན་པོ་བྱུང་ནས་འཁོར་མང་པོ་རྣམས་ལ་བསྒོ་བ་ཁྱེད་རྣམས་དེ་བཞིན་གཤེགས་པའི་ཐུགས་རྗེས་སུ་དྲན་པར་གྱིས་ཤིག།
392a3 སངས་རྒྱས་ཀྱི་ཐུགས་ནི་བྱམས་པ་ཆེན་པོ་སྟེ། བྱམས་པ་ཆེན་པོས་ནི་སྡུག་བསྔལ་གྱིས་གདུངས་པའི་སེམས་ཅན་རྣམས་ལ་དགོངས་ཤིང་དམིགས་སོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ
392a4 བཀའ་སྩལ་པ། དེ་ལ་ཇི་ལྟར་ན་བྱམས་པའི་ཐུགས་ཞེས་བྱ་བ་ནི་སྡུག་བསྔལ་གྱིས་གདུང་བའི་སེམས་ཅན་ཡོངས་སུ་འཛིན་པའོ།། སྡུག་བསྔལ་གྱིས་གདུངས་པ་ཞེས་བྱ་བ་ནི་ངན་སོང་གསུམ་དུ་ཡོངས།
392a5 སུ་འཁོར་བའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཅིང་བསྟེན་པའི་ཚེ། འཁོར་མང་པོ་རྣམས་ཀྱིས་ཀྱང་སེམས་ཅན་དམྱལ་བ་དང་། ཡིད་དགས་དང་བྱོལ་སོང་དུ་གྱུར་པ་རྣམས་མཐོང
392a6 བར་གྱུར་པ་དང་། འཁོར་རྣམས་ཀྱི་དགེ་བའི་རྣམ་པར་ཐར་པའི་ཏིང་ངེ་འཛིན་གྱིས་སེམས་ཅན་དེ་དག་ཀུན་གྱི་སྔོན་གྱི་སྐྱེ་གནས་དྲན་པར་གྱུར་ཏེ། སྡུག་བསྔལ་གྱིས་གདུངས་པའི་སེམས་ཅན་དེ་དག་ཀུན་ལ
392a7 མང་པོ་རྣམས་ཀྱི་སྔོན་བསྐལ་པ་གྲངས་མེད་པའི་སྔོན་རོལ་ན་བདག་བདག་གི་པ་མ་དང་གཉེན་པ་ཤེས་ཡིན་པར་མཐོང་ངོ་།། དེ་ལྟར་མཐོང་ནས་མཆི་མ་གྲགས་ཏེ་སངས་རྒྱས་ལ་ཕྱག་འཚལ་ནས། བཅོམ
iiif viewer powered by OpenSeadragon
391b - 392b