e-texts navigator
Collection
Volume
Page
Wylie

391a1 ཁ་ཕྱེ་སྟེ་ཁར་ལྕགས་ཀྱི་ཐུ་ལུམ་འབར་བ་བཅོ་བརྒྱད་བཅུག་པ་དང་ལུས་ཀྱི་ཡན་ལག་ཀུན་ནས་མེ་རབ་ཏུ་འབར་ཏེ་ཕན་ཚུན་དུ་བརྒྱུག་གོ།། དེ་ལྟ་བུར་ཉིན་ཞག་གཅིག་ལ་ཉིན་ལན་ཅིག་མཚན་ལན།
391a2 ཅིག་འཆི་སྟེ། དེ་ལ་དམྱལ་བའི་སྤུངས་མ་སྲིན་པོ་གླིང་གི་མགོ་ཅན་དང་། གནོད་སྦྱིན་ལག་གི་མགོ་ཅན་གྱིས་འདི་སྐད་དུ་བསྒོའོ།། མནར་མེད་སེམས་ཅན་དམྱལ་བ་ཁྱོད་རྣམས་སྔོན་ལོག་པ་དང་། ངན་པར་ཝ་ཞིང
391a3 གཡོ་དང་སྦྲུས་ལོག་པར་འཚོ་སྟེ། སྡིག་པ་མི་དགེ་བའི་ལས་མང་པོ་བྱས་པའི་རྒྱུ་དང་རྐྱེན་གྱིས་བཅོ་བསྲེགས་དང་གྲང་འདར་དང་། དྲག་ཤགས་དང་། ལྕགས་ཁུ་དང་ཐུ་ལུམ་འབར་བ་འདི་དག་ཡོངས་སུ་སྨིན་པར་འགྱུར་རོ།།
391a4 གལ་ཏེ་རབ་ཏུ་བྱུང་བའི་དུས་ན་ཡང་ཉེས་པ་ཕྲ་མོ་བྱུང་བ་འགྱོད་ཚངས་མ་བྱས་ཏེ་སྦྱིན་བདག་དད་པའི་སྦྱིན་པ་ཆུད་གསན་དེའི་རྒྱུ་དེའི་རྐྱེན་གྱིས་ལྕགས་ཀྱི་ཐུ་ལུམ་ཟ་ཞིང་ལྕགས་ཁུ་འཐུང་བར་འགྱུར་རོ།། སྡིག་པ་ཅན་དེ་དག་ཀུན་གྱིས
391a5 འཇིག་རྟེན་གྱི་ཆུའི་མིང་ཡང་མི་ཐོས་མི་མཐོང་བར་འགྱུར་རོ།། དེ་ནས་ཐར་ནས་ཡང་སྐྱེ་བ་ལྔ་བརྒྱའི་བར་དུ་ངན་དགུ་འཚོགས་པར་འགྱུར་ཞིང་རིག་ལྐུགས་དང་ཞྭ་འཐེང་དང་སྨྲ་བ་མི་བདེ་བ་དང་། སྤོབས་པ་ཆུང་བར་འགྱུར
391a6 རོ། ད་སྔོན་གྱི་ལས་ངན་པའི་བག་ཆགས་ཀྱིས་ཁ་ཟས་ཟོས་པའི་སྟེང་དུ་ཡང་སོལ་བ་དང་བོང་བ་ཟ་བར་འགྱུར་རོ།། དེ་ནས་བཟོད་དགེ་བའི་བཤེས་གཉེན་དང་ཕྲད་དེ་བྱང་ཆུབ་ཏུ་སེམས་བསྐྱེད།
391a7 པར་གྱུར་ཏོ།། སངས་རྒྱས་ཀྱི་ཐུགས་བརྟག་པའི་འོད་ཟེར་ལས་རྣམ་པར་སྨིན་པ་བཤད་པ་ལེའུ་སྟེ་ལྔ་པའོ།། ། སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་གྱི་རྒྱ་མཚོ་ཞེས་བྱ་བའི་ཚ།




iiif viewer powered by OpenSeadragon

390b - 391b

Texts on this page

Ty032-011 - sangs rgyas rjes su dran pa'i ting nge 'dzin gyi rgya mtsho zhes bya ba theg pa chen po'i mdo