e-texts navigator
Collection
Volume
Page
Wylie

390b1 བཅོམ་ལྡན་འདས་ཀྱི་དགའ་བོ་ལ་བཀའ་སྩལ་པ་དྲི་ལ་ཇི་ལྟར་ན་ལྕགས་བུ་འཐུང་བའི་སེམས་ཅན་དམྱལ་བ་བཅོ་བརྒྱད་ཅེན། ལྤགས་ཁུ་འབྲུ་བའི་སེམས་ཅན་དཔྲལ་བ་ཞེས་བྱ་བ་ནི་ཟངས་ཀྱི་ཤིང་ན་འབར་བ་རྣམ་པ།
390b2 སྣ་ཚོགས་ཡོད་དོ།། ཤིང་ན་དེ་རེ་རེའི་སྟེང་ན་ཡང་ཟངས་ཀྱི་ཐུ་ལུབ་འབར་བ་དྲུག་སྟོང་དུ་སྐྱོང་སྐད་མོད་དེ། སེམས་ཅན་གང་མི་དགེ་པའི་སེམས་ཅན་ཚེ་ཞིང་སེར་སྣའི་དབང་དུ་གྱུར་བ་ཆོས་ལོག་པར་འཆང་བ་དང་། ངན་པར་ལྡག
390b3 པ་དང་མ་ལ་གཞན་ཞིང་བཙུན་པར་མི་ལྟ་བ་དང་། སྦྱིན་པ་མི་གཏོང་བ་དང་ཕ་རོལ་པོས་ནོར་ཟས་རྙེད་པ་དང་། བདོག་པ་ཆེ་བ་དག་མཐོང་ན་སེམས་ཀྱི་སྡུག་བསྔལ་ཆེན་པོ་བྱེད་པའི་གང་ཟག་དེ་འཆི་འཕོ་བའི་དུས་བྱེད་པ་ན་ནད་ཀྱི་རྣམ་པ།
390b4 རབ་ཏུ་ཉོན་མོངས་ཏེ། ཤ་ཁྲག་ཟད་པ་དང་བླ་བ་རྡོལ་བྱེད་པ་དང་། བཀྲེས་ཤིང་སྐོམ་པས་ཀྱང་གདུངས་ཏེ་འདི་སྐད་དུ་བདག་ཤིང་ཏོག་ཅིག་ཟ་བར་འདོད་དོ་ཞེས་སྨྲ་ཏེ། དེ་སྐད་སྨྲས་མ་ཐག་ཏུ་དམྱལ་བའི་སྲུངས་མ་སྲིན་པོས
390b5 ཟངས་ཀྱི་ཤིང་རྟའི་ནང་ཟངས་ཀྱི་ཐུ་ལུམ་གྱིས་བཀང་བའི་ཤིང་ཏོག་ཏུ་སྤྲུལ་ནས་སྡིག་པ་ཅན་གྱི་དྲུང་དུ་འོངས་ཏེ་སྤོབ་བསྐྱེད་པ་དང་། དེ་མཐོང་བ་ནས་རབ་ཏུ་དགའ་བའི་སེམས་སྐྱེས་ཏེ། འདི་སྙམ་དུ་བདག་ཤིང་ཏོག་བཟང་པོ
390b6 འདི་ཟར་བཅུག་ནས་ཆོག་མི་ཤེས་ན་ཅི་མ་རུང་སྙམ་སེམས་ནས་སྤྲོ་བ་དང་ལྡུགས་ཆང་དེ་ཚེ་འཕོས་སོ།། དེ་མ་ཐག་ཏུ་ཟངས་ཀྱི་རི་ཟད་ཀྱི་ཤིང་འབར་བའི་སྟེང་དུ་སྐྱེས་པ་འགྱུར་ཏོ།། དེ་ནས་གཞའ་བ་ཤིང་རྟའི་བར་དུ་བཅུག་སྟེ།
390b7 སྲིན་པོས་ལྕགས་ཀྱི་སྐམ་པ་ཐོགས་ཏེ་སྡིག་པ་ཅན་གྱི་ཁ་ཕྱེ་ནས་ལྕགས་ཁུ་ཁར་བླུགས་སོ།། དེ་ནས་བརྒྱལ་ཏེ་ས་ལ་འགྱེལ་པ་དང་ཁ་ནས་བཀྲེས་སོ།། ཤིན་ཏུ་བཀྲེས་སོ་ཞེས་འབོད་དོ།། དེ་ནས་སྲིན་པོས་ར




iiif viewer powered by OpenSeadragon

390a - 391a

Texts on this page

Ty032-011 - sangs rgyas rjes su dran pa'i ting nge 'dzin gyi rgya mtsho zhes bya ba theg pa chen po'i mdo