| | e-texts navigator
|
390a1 རིལ་བུར་བསྒྱུར་ནས་སྡིག་པ་ཅན་གྱི་ཁར་བཅུག་ནས་ཁ་ཚུམས་ཤིག་ཅེས་སྨྲས་པ་དང་། དེ་ལ་དགའ་བའི་སེམས་སྐྱེས་ནས་ལྡུགས་ཆང་དེ་ཚེ་འཕོས་པ་དང་རྡོ་བའི་རིའི་བར་དུ་སྐྱེས་ཏེ། རྔོ་བྲག་ཟུར།
390a2 མངས་ཅན་གྲངས་མེད་པ་རྒྱབ་ཏུ་ཕོག་ནས་བྲང་དུ་ཕྱུང་ངོ་།། དམྱལ་བའི་སྲུངས་མས་མདུང་རྩེ་ཁ་བྲག་པ་ཁར་བཙུགས་ཏེ་ཕྱི་ནས་རྡོ་ཚན་འབར་བ་ཁར་བཅུག་གོ།། དེ་མ་ཐག་ཏུ་ལུས་མེའི་ཕུང་པོར་འབར་རོ།། དེ་ལྟར་ཉིན་ཞག་གཅིག་ལ
390a3 ལམ་ཁྲི་ཕྲག་བཅུ་ནི་འཆི། ལམ་ཁྲི་ཕྲ་བཅུ་ནི་འཆིའོ།། དེ་ནས་ཚེ་འཕོས་ནས་ཐིག་ནག་པོའི་སེམས་ཅན་དམྱལ་བར་སྐྱེས་སོ།། ཐིག་ནག་པོའི་སེམས་ཅན་དམྱལ་བ་ཞེས་བྱ་བ་ནི།། ལྕགས་ཀྱི་རི་ཆེན་པོ་བརྒྱད་བརྒྱད་ཡོད།
390a4 དེ་དེའི་ཁོར་ཡུག་ཏུ་ལྕགས་ཀྱི་སྡོང་པོ་སྐྱེས་ཏེ་དེ་ལ་ལྕགས་ཐག་ལུག་གུ་རྒྱད་ཀྱིས་བཏགས་ནས་སྡིག་པ་ཅན་དེ་ལ་ཁུར་དུ་སྐར་རོ།། སྡིག་པ་ཅན་དེ་དག་ལྕགས་ཀྱི་རི་དང་སྡོང་པོ་དེ་དག་ཁུར་ནས་ལྕགས་ཐག་གི་ཟམ་པ་ལ་འགྲོར་བཅུག
390a5 གོ་སྡིག་པ་ཅན་དེས་མ་ཐག་ནས་དེ་ལ་ལྷུང་སྟེ་ལྕགས་ཁུ་ཁོལ་བའི་ཟངས་ཀྱི་ནང་དུ་ལྷུང་ངོ་།། དེ་ནས་ཡང་སྲིན་པོས་ཕྱིར་ཕྱུང་བ་དང་། བཀྲེས་སྐོམ་པས་གདུངས་ངས་ལྕགས་ཚན་གྱི་ཐུ་ལུམ་ཟ་ཞིང་ལྕགས་ཁུ་འཐུང་ངོ་།།
390a6 དེ་ལྟར་ཉིན་ཞག་གཅིག་ལ་དེ་ལྟ་བུར་སྡུག་བསྔལ་ཁྲི་ཕྲག་དགུ་བཅུ་སྣད་མྱོང་བར་འགྱུར་རོ།། དེ་ལས་ཐར་ཏེ་མིར་སྐྱེས་ན་ཡང་གཞན་གྱི་བྲར་ཁོལ་དུ་སྐྱེ་བར་འགྱུར་རོ།། དེ་ནས་དགེ་བའི་བཤེས་གཉེན་དང་ཟད
390a7 དེ་རྡེག་པ་ཆེན་པོའི་ཆོས་བསྟན་པ་དང་། རེས་དཀར་པོ་ཆེན་དུ་བསྒྱུར་སླབ་བཞིན་དུ་དགྲ་བཅོམ་པར་གྱུར་ཏེ། རིག་པ་གསུམ་དང་མངོན་པར་ཤེས་པ་དྲུག་དང་རྣམ་པར་གྲོལ་བ་བརྒྱད་ཐོབ་པར་འགྱུར་རོ།།
iiif viewer powered by OpenSeadragon
389b - 390b