| | e-texts navigator
|
389b1 ཀྱི་ཁང་པའི་སྡུག་བསྔལ་བཤད་པ་དང་འདྲའོ།། དེ་ནས་གཟོད་དགེ་བའི་བཤེས་པཉེན་དང་ཕྲང་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་དགའ
389b2 བོ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་རྡོ་ཟུར་མང་གི་སེམས་ཅན་དམྱལ་བ་ཞེ་ན། རྡོ་ཟུར་མང་གི་སེམས་ཅན་དམྱལ་བ་ཞེས་བྱ་བ་ནི། རྡོ་ཟག་གི་རི་ཆེན་པོ་ཉི་ཤུ་རྩ་ལྔ་ཡོད་དེ། རི་ང
389b3 གཅིག་ལ་ཡང་ཆབ་བྲོམ་གྱི་རྫིང་ཆེན་པོ་བརྒྱད་བརྒྱད་ཡོད་དོ།། རྫིང་དེ་རེ་རེའི་ནང་ཡང་ཀླུ་གདུག་པ་ཅན་ལྔ་ལྔ་ཡོད་དེ་གནས་སོ།། འཇིག་རྟེན་ན་གང་ཟག་སྡིག་པ་ཅན་སོ་སོའི་སྐྱེ་བོ་དང་གཞན་ཡང་དག
389b4 སློང་དང་དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། དགེ་ཚུལ་ཅན་ཕོ་མོ་དང་། ཀུན་ཏུ་རྒྱུ་བ་རྣམ་པ་དགུ་བཅུ་རྩ་ལྔ་ལ་སོགས་པ་གང་ཞིག་ཆོས་རྣམས་ནི་ཆོས་མ་ཡིན་པར།
389b5 བཤད་པ་དང་། ཆོས་མ་ཡིན་པ་རྣམས་ནི་ཆོས་སུ་བཤད་པ་དང་། ཉེས་པ་བྱུང་ཡང་འཐོལ་ཚངས་མི་བྱེད་པ་དང་། རྣམ་པར་སྨིན་པ་ལ་མི་འཛེམ་སྟེ་སེམས་སྤྲེའུ་དང་འདྲ་བ
389b6 དག། སྡིག་པ་ཡོངས་སུ་སྨིན་ཏེ་འཆི་བའི་དུས་བྱེད་པ་ན་ཁོང་པ་ལྐུགས་ཀྱིས་གང་སྟེ་ཤིན་ཏུ་རྒྱས་པར་གྱུར་ནས་ཆུའི་དངོས་པོ་ཡང་མི་ཐར་ཏེ་འདི་སྙམ་དུ་རྡོ་ཟུར་མང་ཞིག་གིས།།
389b7 བདག་གི་གྲེ་བར་བཚངས་ན་ཅི་མ་རུང་སྙམ་བསམས་པ་དང་། དེ་མ་ཐག་ཏུ་དམྱལ་སྲུངས་སྲིན་པོས་སྨན་པའི་ལུས་སུ་སྤྲུལ་ཏེ། ལག་ན་རྡོ་ཟུར་མངས་ཐོགས་པ་ཡང་སྨན་གྱི
iiif viewer powered by OpenSeadragon
389a - 390a