e-texts navigator
Collection
Volume
Page
Wylie

389a1 ཏེ་འདི་སྙམ་དུ་བདག་གིས་བསགས་པའི་ནོར་དབྱིག་ཐམས་ཅད་བདག་དང་འཕྲོགས་ན་ཅི་མ་རུང་སྙམ་བསམ་པ་དང་། དམྱལ་སྲུངས་སྲིན་པོས་ཆུང་མའི
389a2 ལུས་སུ་བསྒྱུར་ཏེ། ལག་ན་ལྗགས་ཀྱི་ཐུ་ལུམ་འབར་བ་ཐོགས་པ་རིན་པོ་ཆེའི་སྣོད་ཡིད་བཞིན་ཞེས་བྱ་བར་སྤྲུལ་ཏེ་དྲུང་དུ་འདུག་ནས་འདི་སྐད་དུ་བདག་ཁྱོད་ཀྱི་བྱིན
389a3 འགྲོའོ་ཞེས་སྨྲས་ནས་ཤིན་ཏུ་ཆགས་པའི་ཚུལ་སྟོན་པ་དང་། དེ་ལ་དགའ་ནས་དབུགས་ཆད་དེ་ཚེ་འཕོས་པ་དང་ལྕགས་མཁར་འབར་བ་དེའི་ནང་དུ་སྐྱེས་ཏེ་ཚ་བས
389a4 རབ་ཏུ་གདུངས་ནས་ཕན་ཚུན་དུ་བརྒྱུག་ཅིང་འབྲོས་པ་དང་ལྗགས་ཀྱི་སྦྲུལ་གདུག་པ་ཅན་གྱིས་ཁ་ནས་གདུབ་པ་ཕྱུང་སྟེ། ལུས་ལ་དཀྲིས་པ་དང་། མགོ་དང་།
389a5 ལུས་ཀྱི་ཡན་ལག་ཀུན་ནས་མ་འབར་བ་གྱུར་ཏོ།། དེ་ནས་ཡང་སྡིག་པ་ཅན་དེས་འདི་སྙམ་དུ་ལྔ་འདག་ལ་བྱམས་ན་གནས་ནས་ཆར་ཕོབ་ཤིག་ཅེས་སྨོན་པ་དང
389a6 བསམས་མཐག་ཏུ་སྒྲེང་ནས་ལྤགས་ཚན་གྱི་ཐུ་ལུམ་ཆང་བཞིན་དུ་བའནས་ཁོར་ལོབ་པ་དག་ཀྱང་རྐང་མཐིལ་དུ་བྱུང་ངོ་།། དྭེ་ལ་ས་ཐར་ཏེ་མིར་སྐྱེས་ན་ཡང
389a7 ཤིན་དུ་དབུལ་ནི་ཕོངས་པ་དང་། དཱ་དང་མགོན་སྐྱབས་མེད་པ་དང་། དིག་ལྐུགས་དང་དབང་པོ་མ་ཚང་བར་འགྱུར་ཏེ། དེ་ལྟ་བུའི་སྡུག་བསྔལ་ལེན་པོའི་ཚད་ནི་ལྕག།




iiif viewer powered by OpenSeadragon

388b - 389b

Texts on this page

Ty032-011 - sangs rgyas rjes su dran pa'i ting nge 'dzin gyi rgya mtsho zhes bya ba theg pa chen po'i mdo