| | e-texts navigator
|
388b1 སྤྱོད་ཀྱིས་རབ་ཏུ་ཕོངས་པར་འགྱུར་རོ།། དེ་ནས་དགེ་བའི་གཤེས་གཉེན་དང་ཕྲད་དེ། གཟོད་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་ཏོ།། བཅོམ་ལྡན་འདས
388b2 ཀྱིས་དགའ་བོ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་ལྕགས་ཀྱི་ཐུ་ལུམ་གྱི་སེམས་ཅན་དམྱལ་བ་ཞེ་ན། ལྕགས་ཀྱི་ཐུ་ལུམ་གྱི་སེམས་ཅན་དམྱལ་བ་ཞེས་བྱ་བ་ནི
388b3 དཔག་ཚད་བརྒྱད་དུ་སྐྱེང་ལྕགས་ཀྱི་མཁར་དུ་གྱུར་བའི་ནང་ན་པར་ཆང་བརྒྱད་ཅུ་རྩ་བརྒྱད་ཡོད་དོ།། བར་ཆད་རེ་རེའི་ནང་ན་ཡང་མཚོན་གྱི་རི་བོ་ལྔ་ལྔ་ཡོད་།། སྟེང
388b4 བི་ཕྱོགས་ནས་ཀྱང་མཚན་གྱི་འཁོར་ལོ་བལྟམས་ཏེ། དེའི་འོག་ན་ལྕགས་ཀྱི་སྦྲུལ་ཆེན་པོ་བརྒྱ་སྙེད་ཡོད་དོ།། སྤྲུལ་དེ་ཁ་གདངས་པའི་ཚེ་ན་ཡང་ཁ་ནས་མེ་འབར
388b5 ཏེ་ལྕེ་འབྱིན་པའི་ཚེ་ན་ཡང་ལྕེའི་ཐོག་མ་ལ་རལ་གྲི་རྣོན་པོ་འབར་བ་ཡོད་དོ།། འཇིག་རྟེན་ན་གང་ཟག་སྡིག་པ་ཅན་དག་སྦྱིན་པ་བྱེད་པ་ལ་གཤེ་ཤིང་སྨོད་པ་དང་།
388b6 དགེ་བ་སོགས་པའི་མི་དང་དཀོན་མཆོག་གསུམ་དུ་གྱུར་པ་ལ་འཚོ་ཞིང་ངན་དུ་སྨོད་པ་དང་། དགེ་བ་དང་གསོ་སྦྱིན་བྱས་པ་ལ་རྣམ་པར་སྨིན་པའི་རྒྱུ་དང་འབྲས་བུ་མེད
388b7 དོ་ཞེས་ཟེར་བའི་སྡིག་པ་ཅན་དེ།། འཚོ་འཕོ་བའི་དུས་བྱེད་པ་ན་གཉའ་བ་རེངས་ནས་མགོ་སྒྱུར་བར་མི་ནུས་ཏེ་ལྟ་མི་འདོད་ཅིང་སྨ་ཡང་མི་ནུས་ནས་ཁ་བུབ་ཏུ་འགྱེལ
iiif viewer powered by OpenSeadragon
388a - 389a