| | e-texts navigator
|
388a1 སྡིག་པ་ཅན་དེའི་དྲུང་དུ་བསྲེགས་པ་ལྟ་བུར་སྤྲུལ་པ་དང་། སྡིག་པ་ཅན་དེ་རབ་ཏུ་དགའ་བའི་སེམས་སྐྱེས་ནས་ལྐུགས་ཆད་དེ་ཚེ་འཕོས་སོ།། དེ་ནས་ལྕགས་ཀྱི་རིམ
388a2 འབར་བ་དེ་ལ་སྐྱེས་ནས་ལྕགས་ཀྱི་ཁྲི་མོན་དུ་ལྕགས་ཁུ་བླུགས་པ་བཞིན་དུ་ཕྱིན་ནས་ལྕགས་ཁང་འབར་བའི་ནང་ན་ལྕགས་ཀྱི་སྲིན་བུས་ཟ་ཞིང་མཚོན་གྱི་ནགས་ཚལ་གྱིས་བཏུབ་ཅིང
388a3 འདྲལ་ལོ།། དུད་པ་ནག་པོ་དེ་འཇིགས་ཏེ་མིག་ཅེ་ཡང་མི་མཐོང་ནས། མེ་དང་མཚན་གྱིས་འཇིགས་ནས་མགོལ་ལྕགས་ཀྱི་རི་ཁྱེར་བཞིན་དུ་ཕན་ཚུན་དུ་བཅུག་ཅིང་སྣང་བ་ཚལ་ལོ།།
388a4 ཀྱི་ཐུ་ལུམ་འབར་བ་སྤྱི་བོར་ཕོག་ནས་རྐང་མཐིལ་དུ་འབྱུང་སྟེ། སྐད་ཅིག་མཙམ་གྱིས་ནི་འཆི་སྐུད་ཅིག་མ་ཙམ་གྱིས་ནི་ཕྱིར་ཡང་འཚོའོ།། དེ་ལས་ཐར་ནས་ཀྱང་ཡི་དགས་ཀྱི་ཁམས་སུ
388a5 སྐྱེས་ཏེ། ལུས་ཆེ་ཞིང་རིང་བ་ནི་དཔག་ཚད་བཅུའི་སྲོད་དོ།། ཁ་ནི་པྲ་ཁྱད་ཁབ་ཙམ་མོ།། ལྟོ་བ་ནི་ཆེ་ཁྱུད་རེ་རབ་ཙམ་སྟེ་ཟས་སུ་ནི་ལྗགས་ཁྲུ་འཐུང་ཞིང་ལོ་བརྒྱད་སྟོང་གི་བར་དུ་ཡི་དགས།
388a6 ཆེན་པོ་དེའི་ལུས་གནས་སོ།། དེ་ནས་ཀྱང་ཡི་དགས་ཀྱི་ཁམས་སུ་སྒྲུབ་བརྒྱུད་དེ་ངར་སྣབས་ཟ་བའི་ཡི་དགས་དང་། རྣག་ཁྲག་ཟ་བའི་ཡི་དགས་དང་། བཤང་གཅིས
388a7 ཡེདགས་སུ་ལྕིའོ།། དེ་ལས་ཐར་ནས་ཀྱང་ཁྱི་དང་ལག་གི་ལུས་སུ་སྤོང་།། དེ་ལས་ཐར་ནས་ཀྱང་དབུལ་ཞིང་ཕོངས་པ་དང་བྲན་ཚོལ་གྱི་རིམ་སུ་རྒྱས་སེམས་དང་ལངས
iiif viewer powered by OpenSeadragon
387b - 388b