e-texts navigator
Collection
Volume
Page
Wylie

387a1 སེམས་སྤྲོ་བ་བསྐྱེད་དེ་དགའ་མ་ཐག་ཏུ་ལྐུགས་ཆད་དེ་ཚེ་འབོས་སོ།། དེ་དག་དེ་ནས་ལྕགས་ཀྱི་དྲ་བའི་སེམས་ཅན་དམྱལ་བར་སྐྱེས་ནས་དྲ་བ་དང་འཁྲུལ
387a2 འཁོར་རྣམས་ལ་དྲུད་ཅིང་འདྲེའོ།། འཁྲུལ་འཁོར་རྣམས་བསྐུལ་ཞིང་བསྐྱོད་པ་ལས་ཁབ་དཔལ་མ་ལྟ་བུའི་ལྕགས་ཚན་འབར་བ་གྲངས་མེད་པ་བ་སྤུའི་བུ་གོ་ཀུན་ཏུ་ཟུག་སྟེ། དེ་བཞིན
387a3 དུ་ལྕགས་ཚན་གྱི་དྲ་བའི་བར་དང་དྲ་མིག་གཅིག་ནས་གཅིག་ཏུ་སྐད་ཅིག་ནི་འཆི། སྐད་ཅིག་ནི་འཚོའོ།། དེ་ལས་ཐར་ནས་མི་སྐྱེས་ན་ཡང་ཡུལ་མཐའ་འཁོབ་ཏུ་སངས་རྒྱས་ཀྱི་ཆོས་མེད
387a4 བའི་གནས་སུ་སྨྲ་སྟེ། འཇིག་རྟེན་གྱི་ཚིག་སྙན་པ་བཟང་པོ་ཡང་མི་ཐོས་ན་ཡང་དག་པའི་ཆོས་ལྔ་ཅི་སྨོས་ཏེ་མི་ཐོས་སོ།། གལ་ཏེ་མིར་སྐྱེས་ན་ཡང་ངན་སོང་གསུམ་གྱི་ནང་དུ་བརྩིའོ།། 5
387a5 པ་བརྩི་བ་དང་བགྲང་བ་ལས་འདས་ནས་གཟོད་དགེ་བའི་གཤེས་གཉེན་དང་ཕྲད་དེ་ཆོས་ཐོས་པར་གྱུར་ཀྱང་སེམས་ཀྱིས་ཆུད་ཅིང་རྟོགས་པར་མི་འགྱུར་རོ།། བཅོམ་ལྡན
387a6 ལྡན་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་ལྕགས་ཀྱི་ཁང་པའི་སེམས་ཅན་དམྱལ་བ་ཆེན་པོ་བཅོ་བརྒྱད་ཅེ་ན་ལྕགས་ཀྱི་ཁང་པའི་སེམས་ཅན་དམྱལ་བ་ཞེས་བྱ་བ
387a7 ནིགཤིན་རྗེའི་འཇིག་རྟེན་དུ་སོང་བའི་ནང་ན་སྡུག་བསྔལ་གྱི་མཆོག་གོ།། དེ་ལ་ལྕབས་ཀྱི་རི་ཆེན་པོ་གཅིག་ཡོད་དེ། ཚེ་ཁྱད་དཔག་ཚད་ཉི་ཤུ་རྩ་ལྔའོ།། རི་དེ་ལ




iiif viewer powered by OpenSeadragon

386b - 387b

Texts on this page

Ty032-011 - sangs rgyas rjes su dran pa'i ting nge 'dzin gyi rgya mtsho zhes bya ba theg pa chen po'i mdo