| | e-texts navigator
|
386b1 རྟག་ཏུ་གཞན་གྱིས་བཀོལ་བ་དང་དགྲང་སྡང་བས་ཟིན་ཅིང་བཙོན་ཆས་དམ་པོར་འཛུད་པ་དང་རྟག་ཏུ་བརྡེག་ཅིང་འཚོག་པར་འགྱུར་རོ།། དེ་ནས་གཟོད་དགེ་བའི་བཤེས་།
386b2 རང་བྲང་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱི་དབའ་བོ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་ལྕགས་ཀྱི་དྲ་བའི་སེམས་ཅན་དམྱལ་བ་ཞེ་ན། ལྕགས་ཀྱི་དྲ་བའི་སེམས་ཅན
386b3 དམྱལ་བ་ཞེས་བྱ་བ་ནི། དམྱལ་པོ་ཆེན་པོའི་གནས་དེ་ཉིད་ན། ལྕགས་ཚན་འབར་བའི་དྲ་བ་རིམ་པ་བརྒྱད་ཅུ་རྩ་དགུ་སྙེང་ཡོད་དོ།། དྲ་བ་དེ་རེ་རེའི་བར་དང་མིག་ན་ཁབ་དཔལ་མ་ཁྲི་ཕྲག་བརྒྱ་སྟོང་སྐད
386b4 ཡོད་དེ། ཁབ་དེ་དག་ཀུན་གྱི་རྩེ་མོ་ལ་ལྕགས་ཀྱི་འཁྲུལ་འཁོར་འབར་བ་གྲངས་མེད་པ་འཁྲུལ་ཞིང་རབ་ཏུ་འབར་རོ།། དེ་དག་འཇིག་རྟེན་སེམས་ཅན་གང་དཀོན་མཆོག་གསུམ་ལ་སྡོད་ཅིང་ལོག་པར་ལྷ
386b5 བ་དང་། བརྫུན་དུ་སྨྲ་ཞིང་གཡོ་དང་སྒྱུས་ལོག་པར་འཚོ་ཞིང་ཕ་རོལ་འབྲིང་པར་བྱེད་པ་དང་རྟག་ཏུ་མི་དགེ་བའི་ལས་བྱེད་པར་སེམས་པའི་སྡིག་པ་ཅན་དེ་འཆི་བའི་དུས་བྱེད་པའི་ཚེ་ན། ལུས
386b6 དང་ཡན་ལག་ཀུན་རབ་ཏུ་གཡའ་ཞིང་བརྩེ་སྟེ། འདི་སྙམ་དུ་ཁབ་རྣོན་པོ་སླར་གང་གིས་ལུས་ཀྱི་སྲིན་བུ་འདི་དག་བརྩེགས་ན་ཅི་མ་རུང་སྙམ་བསམས་པ་དང་། དམྱལ་བའི་སྭཱ
386b7 མ་སྲིན་པོས་སྨན་པའི་ལུས་སུ་སྤྲུལ་ཏེ། ལག་ན་གཙགས་ཁབ་རྣོན་པོ་ཐོགས་ནས་འདི་སྐད་དུ་བདག་ནི་ཁྱོད་ཀྱི་ནད་འཚོ་བར་བྱེད་པའོ་ཞེས་སྨྲས་ཏེ། སྡིག་པ་ཅན་དེའི
iiif viewer powered by OpenSeadragon
386a - 387a