e-texts navigator
Collection
Volume
Page
Wylie

368a1 སྟེང་དུ་འདུག་པར་གྱུར་པ་དང་། དེ་མ་ཐག་ཏུ་ལྕགས་ཀྱི་སྲིན་བུ་རྣམས་ཀྱང་མེའི་ནང་ནས་བྱུང་སྟེ། རུས་པ་དང་། རྐང་གི་ནང་དུ་ཐལ་བྱུང་དུ
368a2 སོང་ནས། སྙིང་དང་གླད་པའི་ནང་དུ་ཡང་ཐལ་བྱུང་དུ་སོང་ངོ་།། འཕོངས་ནས་ཤིང་ལ་འཇུས་ཏེ་འཛེགས་པ་དང་། ཐམས་ཅད་རལ་གྲི་འབར་བར་གྱུར་ཏེ་ཡན་ལག་དང
368a3 རུས་པ་ཀུན་དུམ་བུར་ཆད་དེ། རལ་གྲིའི་འཁོར་ལོ་གྲངས་མེད་པ་སྙེད་ཀྱང་སྟེང་ནས་འབབ་བོ།། མེའི་ཤིང་རྟ་དང་། ལྕགས་ཚན་འབར་བ་དང་། སྡུག་བསྔལ
368a4 གྱི་དངོས་པོ་བཅོ་བརྒྱད་ཀྱང་དུས་གཅིག་ཏུ་འདུས་ནས་བསུའོ།། དེ་ལྟར་གྱུར་པ་དང་ས་ལ་འགྱེལ་ཏོ།། བར་ཆད་འོག་མར་ལུས་པདྨོ་ཁ་བྱེ་དང་འདྲ་བར་རལ་ཞིང་གས་པས་ཡོངས
368a5 སུ་གང་ངོ་།། བར་ཆད་འོག་མ་ནས་བར་ཆད་གོང་མར་རིམས་བཞིན་དུ་འཕར་ཏེ། མེ་རབ་ཏུ་འབར་བས་བསྲེགས་པས་བར་ཆད་ཀུན་ཏུ་ལུས་ཀྱིས་གང་སྟེ། ཚ་བས་ཡོངས
368a6 སུ་གདུངས་པས། མིག་དགྲང་ཁ་གདངས་ཏེ་ལྕེ་འབྱིན་ཏོ།། སྡིག་པ་ཅན་དེ་ལ་སྡིག་པའི་ལས་ཀྱིས་ལྕགས་ཚན་གྱི་ཁུ་བ་ཁྲི་བྲག་བརྒྱད་སྟོང་དང་། མཚོན་གྱི་འཁོར་ལོ
368a7 བརྒྱ་སྟོང་སྙེད་འབབ་ཅིང་འཕོ་སྟེ། སྤྱི་བོར་ཕོག་ནས་རྐང་མཐིལ་དུ་ཐལ་ཟུང་དུ་བྱུང་ངོ་།། སྡུག་བསྔལ་གྱི་དངོས་པོ་རྣམས་ནི་བཤད་པ་བས་ཀྱང་བརྒྱ་སྟོང་གིས་ལྷག་པར




iiif viewer powered by OpenSeadragon

367b - 368b

Texts on this page

Ty032-011 - sangs rgyas rjes su dran pa'i ting nge 'dzin gyi rgya mtsho zhes bya ba theg pa chen po'i mdo