e-texts navigator
Collection
Volume
Page
Wylie

367a1 ངར་བཏུང་བ་ལས་བསྐུམ་པ་ཙམ་གྱི་སྲིད་དུ། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་བསྲུང་ངོ་། བར་ཆད་ལྷག་མ་ནས་མེ་མགུལ་བསྐོར་བའི།
367a2 འཁོར་ལོ་བཞིན་པར་ཆད་ནང་གི་འོག་མར་ཕྱིན་ཏེ། བར་རྒྱད་ཀུན་ཏུ་ལུས་ཀྱིས་ཡོངས་སུ་གྲང་ངོ་།། ཟིངས་ཀྱི་ཁྱིམ་སྐད་ཆེན་པོ་བྱུང་ནས། རུས་པ་འཆལ་ཞིང་རྐང་འཇིབ
367a3 བོ། སྲུངས་མ་སྲིན་པོས་ནི་ལག་ན་མདུང་བྱེ་ཁ་ཟག་པ་ཐོགས་ནས་མགོ་ལ་བཙུགས་ཏེ་ཕྱིར་བསླང་ངོ་།། དེ་ཉིད་དུ་ལུས་ཀུན་ནས་མེ་འབརམནར་མེད་པའི་སེམས་ཅན
367a4 དམྱལ་བར་ཡོངས་སུ་གང་ངོ་།། ལྕགས་ཀྱི་དྲ་བ་ལས་རལ་གྲི་འབར་བ་ཆར་བཞིན་དུ་འབབ་སྟེ། ལུས་ཀྱི་བ་སྤུའི་བུ་ག་ཀུན་དུ་ཟུག་གོ།། དེའི་ཚེ་སྤྲུལ་པའི་གཤིན་རྗེ་འོངས
367a5 ནས་སྐད་ཆེན་པོས་འདི་སྐད་ཅེས་སྨྲའོ།། ལྡན་པ་གཏི་མུག་ཅན་དམྱལ་བའི་ས་བོན་ཁྱོད་སངས་རྒྱས་དང་ཆོས་དང་སློབ་དཔོན་ད་ཕ་མ་ལ་སྦྱི་ནུ་མ་བྱས་ཏེ། ང་རྒྱལ་གྱིས་ཆོས
367a6 ལོག་པ་སྤྱད་པས་ཁྱོད་ཀྱིས་སྐྱེ་བའི་གནས་འདི་ནི་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་ཞེས་བྱའོ།། ཁྱེད་བྱས་པ་མི་ཤེས་ཤིང་དྲིན་དུ་མི་གཟོ་བས་ངོ་ཚ་དང་ཁྲེལ་དང
367a7 གཞུང་མེད་པས་འདི་ལྟར་སྡུག་བསྔལ་གྱིས་གདུངས་པར་གྱུར་པ་འདི་ལ་དབང་བ་ཅི་ཡོད་ཅེས་སྨྲས་ནས་མི་སྣང་བར་གྱུར་ཏོ།། དེའི་ཚེ་ན་དམྱལ་བའི་སྲུངས་མས་སྡིག་པ་ཅན་དེ




iiif viewer powered by OpenSeadragon

366b - 367b

Texts on this page

Ty032-011 - sangs rgyas rjes su dran pa'i ting nge 'dzin gyi rgya mtsho zhes bya ba theg pa chen po'i mdo