| | e-texts navigator
|
366b1 སློབ་དཔོན་དང་བམ་བསད་པ་དང་གཉེན་གྱི་དྲུག་བརྒྱད་ལ་སྤྱོ་ཞིང་སྨོད་པ་དང་། གཤེ་ཞིང་བརྒྱད་པ་དང་། སེམས་ཅན་ཉོན་མོངས་པ་རྣམས་ལ་སྙིང་མི་བརྩེ་བ་དང
366b2 གཡོ་རྒྱུས་ལོག་པར་འཚོ་བ་དང་། སེམས་ཅན་མང་པོའི་སྲོག་བཅད་པ་དང་། མི་དགེ་བ་བཅུ་དང་། མཚམས་མེད་པའི་ལས་བྱས་པ་དག། འཆི་འཕོའི་དུས་བྱེད་པ་ན་ལྕག
366b3 ཀྱི་ཁྱི་རྣམས་ཁ་གདངས་པ་གསེར་ལྟ་བུའི་ཤིང་རྟ་བཅོ་བརྒྱད་དུ་སྤྲུལ་པ་ལ་སྟེང་ཡང་རིན་པོ་ཆེའི་གདུགས་བྲེས་པ་ལྟར་སྤྲུལ་ཏེ། མེ་ལྕེ་ཐམས་ཅད་ཀྱང་བུ་མོ་གཞོན་ནུར་སྤྲུལ
366b4 ནས་སྤྲོ་བ་སྐྱེད་པར་གྱུར་ཏོ།། སྡིག་པ་ཅན་དེས་རྒྱང་ནས་མཐོང་བ་དང་རབ་ཏུ་དགའ་བའི་སེམས་བསྐྱེད་དེ། བདག་དེར་འགྲོ་མ་རེ་དགའ་སྙམ་ནས། བདག་དེར་འགྲོ
366b5 ཞེས་སྨྲས་པ་དང་། དེ་མ་ཐག་ཏུ་རླུང་གི་མཐུས་རབ་ཏུ་གྲང་བར་གྱུར་ཏེ། སྐད་ཆེན་པོ་ཕྱུང་ནས་མཚ་བ་ཞིག་དང་ཕྲད་ན་ཅི་མ་རུང་སྙམ་བསམས་ཏེ་བརྗོད་ནས་ཤིང
366b6 དེའི་སྟེང་ན་འདུག་ཅིང་། མེ་ཚ་བ་ཞིག་དང་བྲད་ན་རེ་དགའ་སྙམ་བསམས་པ་དང་། དེ་མ་ཐག་ཏུ་ཉམ་ཐག་ནས་ཚེ་འཕོས་ཏེ། གསེར་གྱི་ཤིང་རྟ་འབར་བའི་སྟེང་ན་འདུག་ཅིང་།
366b7 བུ་མོ་གཞོན་ནུ་རྣམས་ཀྱང་ལག་ན་སྟ་རེ་རྣོན་པོ་རེ་རེ་ཐོགས་ཤིང་ལུས་ལ་གཅོད་ཅིང་གཤགས་པ་ཤིང་རྟའི་འོག་ནས་མེ་རབ་ཏུ་འབར་ཏེ། དཔེར་ན་སྟོབས་པོ་ཆེ་ཞིག་ལག
iiif viewer powered by OpenSeadragon
366a - 367a