| | e-texts navigator
|
364b1 གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་དཀའ་སྩལ་པ། དེ་ལ་ཇི་ལྟར་ན་མནུར་མེད་པའི་སེམས་ཅན་དམྱལ་བ་ཞེ་ན། མནར་མེད་པའི་ཚ་གྲང་གིས་གདུངས
364b2 པ་དང་མགོན་དང་། སྐྱབས་མེད་པའི་སྒྲ་སྐད་དུ་ནི། ཨ་བྱི་ཞེས་འདོན་ཏོ།། ཨ་ཞེས་བྱ་བ་ནི་མེད་པའོ།། བྱི་ནི་མཚམས་སོ།། ཨ་ཞེས་བྱ་བ་ནི་མེད་པའོ།།
364b3 བྱི་ནི་སྐྱབས་སོ།། ཨ་ཞེས་བྱ་བའི་ནི་མཚམས་མེད་པའོ།། བྱི་ནི་མི་གཡོ་བའོ།། ཨ་ཞེས་བྱ་བ་ནི་རབ་ཏུ་ཚ་བའོ།། བྱི་ནི་རབ་ཏུ་གདུང་བའོ།། ཨ་ཞེས་བྱ་བ་ནི
364b4 རབ་ཏུ་གྲང་བའོ།། བྱི་ནི་རབ་ཏུ་གདུད་པའོ།། ཨ་ཞེས་པ་ནི་མི་དལ་བའོ།། བྱི་ནི་མི་སྡོད་པའོ།། སྡུག་བསྔལ་ཆེན་པོ་ཆེན་པོ་ལས་མི་དལ་མི་སྡོད་པའི་ཕྱིར་ན་མནར་མེད
364b5 པ་ཞེས་བྱའོ།། ཨ་ཞེས་པ་ནི་མི་ཆེན་པོའོ།། བྱི་ནི་རབ་ཏུ་ཚ་བའོ།། རབ་ཏུ་ཚ་བའི་མེ་འབར་བས་སྙིང་ལ་གདུངས་པས་མནར་མེད་པའི་སེམས་ཅན་དམྱལ་བ་ཞེས
364b6 བྱའོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་ནི། ཆུ་ཞེང་གབ་པར་དཔག་ཚད་བརྒྱ་སྟོང་སྙེད་དེ། མཐའ
364b7 མ་ཡང་ལྕགས་ཀྱི་མཁར་མེ་འབར་བ་རིམ་པ་བདུན་གྱིས་བསྐོར་ཏོ།། འོག་ཀྱང་ལྕགས་ཀྱི་དྲ་བ་མེ་འབར་བ་རིམ་པ་བདུན་ནོ།། འོག་ན་བར་ཆད་འབར་བ་བཅོ་བརྒྱད་ཡོདདེ
iiif viewer powered by OpenSeadragon
364a - 365a