e-texts navigator
Collection
Volume
Page
Wylie

364a1 དང་མཚོན་གྱི་འཁོར་ལོའི་སེམས་ཅན་དམྱལ་བ་ཆེན་པོ་བཅཝོ་བརྒྱད་དང་། རལ་གྲིའི་ཚུལ་གྱི་སེམས་ཅན་དམྱལ་བ་ཆེན་པོ་བཅཝ
364a2 བརྒྱད་དང་། མེའི་ཤིང་རྟའི་སེམས་ཅན་དམྱལ་བ་ཆེན་པོ་བཅོ་བརྒྱད་དང་ཤིན་ཏུ་དྲི་མི་ཞིམ་པའི་ལྕགས་ཁུ་ཁོལ་བའི་སེམས་ཅན་དམྱལ་བ་ཆེན་པོ་བཅོ་བརྒྱད་དང་།
364a3 ན་མཚན་ཁོལ་བའི་སེམས་ཅན་དམྱལ་བ་ཆེན་པོ་བཅོ་བརྒྱད་དང་ཐལ་ཆུའི་སེམས་ཅན་དམྱལ་བ་ཆེན་པོ་བཅོ་བརྒྱད་དང་། མཚོན་གྱི་ནགས་ཚལ་གྱི་སེམས་ཅན་དམྱལ་བ
364a4 ཁྲི་ཕྲག་ལྔ་བརྒྱ་དངརལ་གྲིའི་སྡོང་པོའི་སེམས་ཅན་དམྱལ་བ་ཁྲི་ཕྲག་ལྔ་བརྒྱ་དང་ཚེར་མའི་ཚལ་གྱི་སེམས་ཅན་དམྱལ་བ་ཁྲི་ཕྲག་ལྔ་བརྒྱ་དངལྕགས་ཀྱི་སྡོང
364a5 པོའི་སེམས་ཅན་དམྱལ་བ་ཁྲི་ཕྲག་ལྔ་བརྒྱ་དང་། ལྕགས་ཀྱི་ཐག་ཟངས་ཀྱི་སེམས་ཅན་དམྱལ་བ་ཁྲི་ཕྲག་ལྔ་བརྒྱ་དང་། ལྕགས་ཀྱི་དྲ་བའི་སེམས་ཅན་དམྱལ་བ་ཁྲི་ཕྲག་ལྔ་བརྒྱ
364a6 དང་། ལྕགས་ཀྱི་ཁང་པའི་སེམས་ཅན་དམྱལ་བ་ཆེན་པོ་བཅཝོ་བརྒྱད་དང་། ལྕགས་ཀྱི་ཐུ་ལུམ་གྱི་སེམས་ཅན་དམྱལ་བ་ཆེན་པོ་བཅོ་བརྒྱད་དང་། རྡོ་ཟུར་མང་གྱི་སེམས་ཅན
364a7 དམྱལ་བ་ཆེན་པོ་བཅོ་བརྒྱད་དང་། ལྕགས་ཁུ་འཐུང་བའི་སེམས་ཅན་དམྱལ་བ་ཆེན་པོ་བཅོ་བརྒྱད་དང་དེ་དག་ལ་སོགས་པ་སེམས་ཅན་དམྱལ་བ་མང་པོ་དག་ཡོད་པར




iiif viewer powered by OpenSeadragon

363b - 364b

Texts on this page

Ty032-011 - sangs rgyas rjes su dran pa'i ting nge 'dzin gyi rgya mtsho zhes bya ba theg pa chen po'i mdo