| | e-texts navigator
|
363b1 བུ་ཙམ་དུ་མཐོང་ངོ་།། ལ་ལས་ནི་གསེར་གྱི་ཁྲེའི་འབྲས་བུ་ཙམ་དུ་མཐོང་ངོ་།། ཡི་དགས་རྣམས་ཀྱིས་ནི་རྡུལ་ཕྲ་མོ་ཙམ་དུ་མཐོང་སྟེ་ཡི་དྭགས་རྣམས
363b2 དེ་ལྟ་བུར་མཐོང་བ་དང་། ཡི་དགྲས་ལུས་ཆུང་ངུ་མ་རྣམ་པརབ་ཏུ་དགའ་བར་གྱུར་ཏེ། མཚན་དང་དཔེ་བྱང་བཟང་པོ་རྗེས་སུ་དྲན་པ་རྟོགས་པའི་ཡུརུ་སྟེ་བཞི་པའོ།།
363b3 སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་གྱི་རྒྱ་མཚོ་ཞེས་བྱ་བའི་མདོ། བམ་པོ་ལྔ་པ།། ། དེའི་ཚེ་སངས་རྒྱས་ཀྱི
363b4 ཐུགས་པདྨོལ་བརྒན་ལྟ་བུ་ལས་པདྨོའི་འདབ་མའི་བར་དང་། མཚན་ཀུན་ནས་འོད་ཟེར་ཁ་དོག་དཀར་པོ་བརྒྱད་ཁྲི་བཞི་སྟོང་སྙེད་བྱུང་སྟེ། འོད་དེས་རྒྱུད་ལྔའི
363b5 སེམས་ཅན་ཀུན་མཐའ་ཡས་པར་ཐམས་ཅད་སྣང་བར་བྱས་སོ།། འོད་ཟེར་འདི་དག་བྱུང་བའི་ཚེ། སྡུག་བསྔལ་གྱིས་གདུངས་པ་སེམས་ཅན་མང་པོ་མངོན་དུ་སྣང
363b6 བར་གྱུར་པ་ནི།། འདི་ལྟ་སྟེ། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་དང་། སེམས་ཅན་དམྱལ་བ་ཆུང་ངུ་བཅོ་བརྒྱད་དང་། རབ་ཏུ་གྲང་བའི
363b7 སེམས་ཅན་དམྱལ་བ་ཆེན་པོ་བཅོ་བརྒྱད་ཡང་དང་། མུན་པ་ནག་པོའི་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་དང་། རབ་ཏུ་ཚ་བའི་སེམས་ཅན་དམྱལ་བ་ཆེན་པོ་བཅོ་བརྒྱད
iiif viewer powered by OpenSeadragon
363a - 364a