| | e-texts navigator
|
361b1 བ་སྤུའི་བུ་གའི་མཚན་རྣམས་པདྨོ་ཁ་བྱེ་བ་ལྟ་བུར་གྱུར་ནས། བ་སྤུའི་བུ་ག་གཅིག་གི་ནང་ན་ཡང་པདྨོ་བརྒྱད་ཁྲི་བཞི་སྟོང་སྙེད་ཡོད་པར་གྱུར་ཏོ།། པདྨོད་གཅིག་གི་སྟེང་ན་ཡང་སྤྲུལ་པའི་སངས་རྒྱས
361b2 བདྨ་ཁྲི་བཞི་སྟོང་སྣད་བཞུགས་སོ།། སྤྲུལ་པའི་སངས་རྒྱས་དེ་རེ་རེའི་ཞབས་འབྲིང་ན་ཡང་འཁོར་བྱང་ཆུབ་སེམས་དཔའ་བརྒྱད་ཁྲོ་བཞི་སྟོང་སྙེད་དོ།། བྱང་ཆུབ་སེམས་དཔའ་དེ་དག་རེ་རེའི
361b3 སྨིན་མཚམས་ཀྱི་འོད་ཟེར་གྱི་རྣམ་པ་ལས་སྒྲ་དབྱིངས་སྣ་ཚོགས་བྱུང་སྟེ། དེ་ཡང་སངས་རྒྱས་ཀྱི་སྐུའི་ཡོན་ཏན་དང་མཚན་དང་། དཔེ་བྱད་བསྟོད་ཅིང་བསྔགས་པའི་སྒྲའོ།། བཅོམ་ལྡན་འདས
361b4 ཤཱཀྱ་ཐུབ་པས་འོད་ཟེར་དང་། སྤྲུལ་པ་དེ་དག་བསྟན་ནས། རྒྱལ་པོ་ཡབ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་དང་མཚན་གྱི་ཁྱད་པར་ནི་འདི་དག་སྟེ།
361b5 སངས་རྒྱས་ཀྱི་ཐུགས་ནི་མ་གཏོགས་ཀྱི། སྤྱོད་ཡུལ་གཞན་ནི་གོང་དུ་བཤད་པ་དག་གོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་པ་དང་། དེའི་ཚེ་རྒྱལ་པོ་ཡབ་འདུག་པ་ལས་ལངས་ཏེ་གོས་ཆགས
361b6 བཅོས་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་ལན་བདུན་བསྐོར་བ་བྱས་ནས་པུས་མོ་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།
361b7 དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་དང་། མཚན་ནི་ཐམས་ཅད་དུ་ཁྱད་པར་བསྟན་ན། བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་མཚན་དང་། སྤྱོད་ཡུལ་ཇི་ལྟ་བུ་དང་མཚན་ཅི་འདྲ་བ་དང་།
iiif viewer powered by OpenSeadragon
361a - 362a