e-texts navigator
Collection
Volume
Page
Wylie

360b1 ཞིང་མྱུར་དུ་ཐེག་པ་ཆེན་པོའི་ཆོས་ཀྱི་དོན་རྟོགས་པ་དང་། བསྐལ་པ་ཁྲི་ཕྲག་བཅུ་སྙེད་ཀྱི་འཁོར་བའི་ཉེས་པ་ཡོངས་སུ་སྤོང་བར་རིག་པར་བྱའོ།། འོད་འབུམ་ཟག་གཅིག་གིས་ནི་བྱ་ཤར་ཏུ
360b2 ཕྱོགས་མཚམས་སྣང་བར་བྱས་ཏེ། བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་སྙེད་འོད་ཀྱིས་ཡོངས་སུ་དག་ཅིང་རྙོག་པ་འམ། དྲི་མ་མེད་པ་ནི་ཤེལ་གྱི་སྒོ་ངའི་མེ
360b3 ལོང་ལྟར་ཕྱི་ནང་ཀུན་གསལ་བར་བྱས་སོ།། འོད་དེ་དག་གི་ནང་ནས་ཕྱོགས་བཅུའི་སངས་རྒྱས་ཀུན་ཀྱང་སྐུ་ལྟེ་བའི་མཚན་སྟོན་པར་སྣང་ངོ་།། སངས་རྒྱས་དེ་དག་རེ་རེའི་སྐུ་ལྟེ་བའི་འོད
360b4 ཟེར་གྱིས་ཀྱང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་སྙེད་སྣང་བར་བྱས་ཏེ། སངས་རྒྱས་ཀྱི་ཞིང་རེ་རེར་ཡང་སྤྲུལ་པའི་སངས་རྒྱས་རྡུལ་ཕྲ་རབ་ཀྱི་གྲངས་སྙེད་བཞུགས་པར་གྱུར་ཏོ།།
360b5 སངས་རྒྱས་དེ་རེ་རེ་ལ་ཡང་རྡུལ་པང་སྐྱེབ་ཀྱི་བྱང་ཆུབ་སེམས་དཔའ་དག་ཞབས་འབྲིང་འཁོར་དུ་གྱུར་ཏོ།། དེ་ལྟར་བྱང་ཆུབ་སེམས་དཔའ་དག་ཀྱང་ལྟེ་བའི་མཚན་སྟོན་ཏོ།། འོད་ཟེར་ལས
360b6 གསེར་གྱི་ཀ་བ་དང་། རིན་པོ་ཆེའི་གདུང་མ་རྣམ་པར་རྒྱལ་བའི་ཁང་པ་ལྟ་བུར་བྲེས་ཏེ། དེ་ལས་རིན་པོ་ཆེའི་ཡང་ཐོག་དང་། སྤྲོག་མ་དང་སྦོམ་བུ་དང་། རིན་པོ་ཆེའི་བརྒྱན་ཕྲེང་ཚད་བརྗོད་དུ
360b7 མེད་པ་རྙེད་དེ། སྤྲིན་ལྟར་སྟང་གི་ནམ་མཁའ་ལ་འཕགས་ཏེ་འོད་རབ་ཏུ་འབར་རོ།། རིན་པོ་ཆེའི་ཆ་རྒྱན་དེ་དག་ཀུན་ལས་འོད་ཟེར་སོ་སོ་ནས་འབུམ་ཕྲག་ཁྲི་ཁྲི་ཡོད་པར་གྱུར་ཏོ།། འོད་ཟེར




iiif viewer powered by OpenSeadragon

360a - 361a

Texts on this page

Ty032-011 - sangs rgyas rjes su dran pa'i ting nge 'dzin gyi rgya mtsho zhes bya ba theg pa chen po'i mdo