e-texts navigator
Collection
Volume
Page
Wylie

359b1 སེམས་ཤིང་འདུ་ཤེས་པ་དང་། ཡིད་ལ་བྱེད་པ་འམ། ཆོས་འདི་རྗེས་སུ་དྲན་པར་བྱས་ན། བསྐལ་པ་ཁྲི་ཕྲག་བཅུ་གཉིས་སྙེད་ཀྱི་འཁོར་བའི་ཉེས་པ་ཡོངས་སུ་སྤོང་བར་འགྱུར་ཞིང་ཡོངས་སུ
359b2 དག་པའི་འཇིག་རྟེན་དུ་ཡིད་ལ་བསམ་པ་བཞིན་དུ་སྐྱེ་བར་འགྱུར་རོ།། འོད་འབུམ་ཕྲག་གཅིག་གིས་ནི་ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་སྣང་བར་བྱས་ནས། ནུབ་བྱང་གི་ཕྱོགས
359b3 མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་སྙེད་དེ་དག་འོད་དེས་ཤེལ་སྣ་ཚོགས་ཀྱི་ཁ་དོག་ཏུ་གྱུར་ཏེ། ཤེལ་ལི་བརྒན་དང་དཀར་པོ་དང་། ལྗང་ཁུ་ལ་གསེར་དང་བཻ་ནུཪྻ་དང་པདྨ་རཱགས
359b4 ཀྱང་མཛེས་པར་བརྒྱན་ཅིང་སྤྲས་སོ།། ཤལ་དང་རིན་པོ་ཆེ་དེ་དག་གི་འོད་གཟེར་ལས་རིན་པོ་ཆེའི་ཤིང་རྟ་ཁྲི་ཕྲག་དུ་མ་དུམ་སྐྱེད་བྱུང་ངོ་།། རིན་པོ་ཆེའི་ཤིང་རྟ་རྣམས་ཀྱི་ཁ་དོག་ཇི་ལྟ
359b5 པ་དེ་བཞིན་དུ་འོད་ཀྱི་ཁ་དོག་ཀྱང་དེ་བཞིན་དུ་འབར་རོ།། ཤིང་རྟ་དེ་དག་གི་སྲོག་ཤིང་ནི་གསར་བཙོ་མའི་ཁ་དོག་གོ།། དེ་ལྟ་བུའི་ཤིང་རྟ་དེ་དག་གི་སྟེང་ན་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་ད
359b6 རྒྱལ་མཚན་ཆེན་པོ་ཡོད་དེ། མཆོད་རྟེན་དང་རྒྱལ་མཚན་གྱི་རྩེ་མོ་ལ་རིན་པོ་ཆེའི་གདུགས་ཆེན་པོ་ཡོད་དོ།། གདུགས་དེ་ཡང་རིམ་པ་བཅུ་སྙེད་དོ།། གདུགས་དེ་ལས་འོད་ཟེར་སྟོང་སྟོང་སྙེད
359b7 འབར་རོ།། རིན་པོ་ཆེའི་འཕྲེང་བ་མང་པོས་ཀྱང་ཤིན་ཏུ་མཛེས་པར་བརྒྱན་ཏེ། འོད་ཟེར་ཀྱང་དེའི་རྗེས་སུ་འཇུག་གོ།། དེ་ནས་ཡང་ཕྱིར་བྱུང་བ་དང་། དེ་ལས་སྤྲུལ་པའི་སངས་རྒྱས་མང




iiif viewer powered by OpenSeadragon

359a - 360a

Texts on this page

Ty032-011 - sangs rgyas rjes su dran pa'i ting nge 'dzin gyi rgya mtsho zhes bya ba theg pa chen po'i mdo