e-texts navigator
Collection
Volume
Page
Wylie

339a1 ཀྱི་འདུ་ཤེས་ཀྱིས་མཐོང་བའོ།། དེ་ལྔ་ཇི་ལྟར་ན་དེ་བཞིན་གཤེགས་པའི་ཞལ་འབྲལ་བྱ་ཡངས་ཤིང་མཉམ་པའི་མཚན་ནི་འོད་ཅི་ལ་རྟོག་པཞན།། དེ་བཞིནས
339a2 པའི་ཞལ་ལ་དཀྱིལ་འཁོར་གསུམ་གྱི་མཚན་དང་དབུ་འདབ་ཀྱི་མཚན་དང་། སྤྲིན་མཚམས་ཀྱི་མཚན་ལ་སོགས་ཏེ། མཚན་རེ་རེ་ལས་གསར་གྱི་འོད་བྱུང་བར་གྱུར་ཏེ། གསེར
339a3 གྱི་འོད་དེ་ལས་གསེར་གྱི་ཁྲི་གྲངས་མེད་པ་ཡོད་པར་གྱུར་ཏོ།། ཁྲི་དེ་རེ་རའི་སྟེང་ན་བྱང་ཆུབ་སེམས་དཔའ་སྟོང་སྟོང་བཞུགས་ཏེ། དེ་ནི་རྣམ་པར་གཟིགས་པ་ནས་སྣང་མཛད་ལ་ཐུག
339a4 གི་བར་དུའོ།། བྱང་ཆུབ་སེམས་དཔའ་སྟོང་པོ་དེ་དག་ཐམས་ཅད་ཀྱང་། འོད་ཟེར་གཏོང་ཞིང་གསེར་གྱི་ཁྲིལ་བཞུགས་སོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཁྲི་ཕྲག་བརྒྱ་སྟོང་དུ
339a5 མ་སྡེ་གས་ཀྱི་ཁྲིལ་པ་ཁྲི་ཕྲག་བརྒྱ་སྟོང་དུ་མའོ།། གསེར་གྱི་ཁྲི་དེ་དག་ཀུན་གྱི་སྟེང་ན་ཡང་རིན་པོ་ཆེའི་བླ་རེ་བྲེས་སོ།། རིན་པོ་ཆེའི་དཱུ་ར་དེ་རེ་རོའི་འོག་ནཱ་ཡང་འོད་ཟེར་སྟོང་སྟོང་འབར་རོ།།
339a6 འོད་ཟེར་དེ་རེ་རེ་ལ་ཡང་རིན་པོ་ཆེའི་རྒྱལ་མཚན་སྟོང་སྟོང་དུ་གྱུར་ཏོ།། རྒྱལ་མཚན་དེ་རེ་རེ་ལ་ཡང་རིན་པོ་ཆེའི་གདུགས་བརྒྱ་སྟོང་དུ་མ་བྲེས་སོ།། རིན་པོ་ཆེའི་གདུགས་དེ་དག་ལ་རིན་པོ་ཆེའི
339a7 བ་དན་དུ་མ་དབྱངས་སོ།། རིན་པོ་ཆེའི་བ་དན་དེ་དག་ཀུན་གྱི་བར་ན། སྤྲུལ་པའི་སངས་རྒྱས་ཚད་མེད་པ་དག་བཞུགས་སོ།། སྤྲུལ་པའི་སངས་རྒྱས་དེ་དག་ཐམས་ཅད་ཀྱང་སྡུག་བསྔལ་དང་།




iiif viewer powered by OpenSeadragon

338b - 339b

Texts on this page

Ty032-011 - sangs rgyas rjes su dran pa'i ting nge 'dzin gyi rgya mtsho zhes bya ba theg pa chen po'i mdo