| | e-texts navigator
|
338b1 བྱམས་པདས་མས་ཅད་དུ་བྱ་བ་མས་ཅད་ན་ས་ས།། ཕན་ན་ན་གཤེགས་པར་འབྱུང་བབར་པ་བཅུ་སྨྲ་དུ་། བ་བྱང་ཡང་བབབནས་འ་བ་ས་ཏུ་སྦྱ་།
338b2 པོ་བརྒྱད་བུའི་འོད་ཟེར་མི་ནུས་པར་བཤད་དུ་བདེ་བར་མི་ནུས་སོ།། དེ་བཞིན་གཤེགས་པས་མཛོད་སྤུ་དཀར་པོའི་འོད་ཟེར་གྱི་ཕྱོགས་ཙམ་ཞིག་བསྟན་པ་ན། རྒྱལ་པོ་ལབ་དང་འཁོར་བརྗེ་འོ
338b3 སྙིང་དྲི་མ་དང་བྲལ་ཏེ། ཆོས་ལ་ཆོས་ཀྱི་མི་བ་རྣམ་པར་དག་པར་གྱུར་ཏོ།། བཅོམ་ལྡན་འདས་ཀྱི་དགའ་བོ་ལ་བཀའ་སྩལ་བ། དེ་བཞིན་གཤེགས་པའི་སྤྱོན་མཛུམས་ཀྱི་མཛོད་སྤྱད
338b4 པོའི་མཚན་ནི་མདོ་སྡེ་གཞན་ལས་ཀྱང་བཅོམ་ལྡན་འདས་ཀྱིས་རྒྱས་པར་བཤད་དེ། མཚན་བཟང་པོ་རྣམས་ཀྱི་འོད་དམ་པའི་སངས་རྒྱས་ཅག་གཅིག་གིས་གཟིགས་ཀྱི། ས་བཅུའི་བྱང་ཆུབ
338b5 སེམས་དཔས་ཀྱང་མངོན་སུམ་དུ་གསལ་བར་མི་མཐོང་ངོ་།། དེ་བས་ན་སེམས་ཅན་སོ་སོའི་སྐྱེ་བོ་དག་གི་ཕྱིར་ཕྱོགས་ཙམ་ཞིག་བཤད་དོ།། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས
338b6 ནས་དེ་ལ་དེ་ལྟར་བལྟ་བར་བྱའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། སྡིག་པ་དག་སྤོང
338b7 བར་གྱུར་པ་ནི་གོང་དུ་བཤད་པ་བཞིན་ཏེ། འོད་ཟེར་མཐོང་བ་དག་གིས་ནི། སངས་རྒྱས་ཁྲི་ཕྲག་བརྒྱད་སྙེད་མངོན་སུམ་དུ་མཐོང་བར་འགྱུར་རོ།། མཛོད་སྤུ་དཀར་པོ་མཐོང་བ་ནི་སེམས
iiif viewer powered by OpenSeadragon
338a - 339a