| | e-texts navigator
|
338a1 ཆེན་པོའི་མཚན་མཛོད་སྤྱ་ཀར་པའི་འོད་འདུབགྷྣཱ་ནས། ཕྱོགས་བཅུའི་འཇིག་རྟེན་མཁམས་ཚད་མེད་པ་ཅུ་སྣ་བ་བྱས་ཏེ། སུ་ག་ཞི་ཐམས་ཅད་གས་ཅི།
338a2 ཁ་དོག་ཏུ་གྱུར་ཏོ།། གསེར་གྱི་ཁ་དོག་ལྟ་བུར་གྱུར་པའི་ས་གཞི་ལ་གསེར་གྱི་པདྨོ་སྨྲས་སོ།། གསར་གྱི་པདྨོ་ལ་ཡང་སྤྲུལ་པའི་སངས་རྒྱས་རི་རེ་བཞུགས་ཏེ། དེ་དག་ཀྱང་མཚན་འཐུན་པར་ཤཱ
338a3 ཐུ་པ་ཞེས་བྱའོ།། སངས་རྒྱས་དེ་དག་གི་སྨིན་མཚམས་ནས་ཀྱང་འོད་ཟེར་དེ་ལྟ་བུ་བཀྱེའོ།། འོད་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་སྣང་བར་བྱས་པ་ནི། ཇི་ལྟར་རི་རབ་ལྷུན་པོ
338a4 ཁྲི་ཕྲག་བརྒྱ་སྟོང་དུ་མ་ལྷན་ཅིག་ཏུ་སྤུངས་པ་ལྟ་བུའོ།། རི་རབ་ལྷུན་པོ་དེ་དག་ལ་སངས་རྒྱས་ཐམས་ཅད་མངོན་པར་སྣང་སྟེ། སངས་རྒྱས་དེ་དག་ཀུན་གྱི་སྐུའི་ཚད་ཀྱང་རི་རབ་དང་མཉམ་པར
338a5 སྣང་ངོ་།། སྤྲུལ་པའི་སངས་རྒྱས་དེ་དག་གི་སྨིན་མཚམས་ནས་ཀྱང་། འོད་ཟེར་བཀྱེ་ནས་སྤྲུལ་པའི་སངས་རྒྱས་རྣམས་ལ་ལན་བདུན་ཚང་བར་བསྐོར་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི
338a6 སྨིན་མཚམས་སུ་ནུབ་བོ།། འོད་དེ་སྨིན་མཚམས་སུ་ནུབ་པ་ན། སངས་རྒྱས་ཀྱི་སྐུའི་བ་སྤུའི་བུ་ག་ཀུན་ནས་སྤྲུལ་པའི་གཟུགས་བརྙན་རེ་རེ་ཡོད་པར་གྱུར་ཏོ།། སྤྲུལ་པའི་གཟུགས་བརྙན
338a7 དེའི་བ་སྤུའི་བུ་ག་ནས་ཀྱང་སྤྲུལ་པའི་གཟུགས་དམ་པ་བརྒྱ་ཁྲི་བཞི་སྟོང་སྙེད་ཡོད་པར་གྱུར།། དེ་དག་ཐམས་ཅད་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན
iiif viewer powered by OpenSeadragon
337b - 338b