| | e-texts navigator
|
337b1 རྣམས་མཐོང་བས་དམ་པའི་ཆོས་ཐོས་པར་འགྱུར་རོ།། ཆོས་ཐོས་པས་གཟུངས་ཆེན་པོ་ཐོས་པར་འགྱུར་ཏེ། གཟུངས་ཐོབ་པ་དེ་ནི་ལོངས་སྤུ་འཁྱིལ་པའི་གཟུངས་ཤེས་བྱའོ།། དེ་ལ་།
337b2 ལྟར་བལྟ་བར་བྱའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟམའི་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཡང
337b3 ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་མ་དེ་བཞིན་གཤེགས་པའི་སྨིན་མཚམས་ཀྱི་འོད་ཟེར་རྗེས་སུ་དྲན་པ་ཞེ་ན། དེ་བཞིན་གཤེགས་པས་ཕྱི་མ་མ་འོངས་པའི་སྐྱེ་བོ་དག་གི་ཕྱིར། སྨིན་མཚམས་ཀྱི
337b4 འོད་ཟེར་གྱི་ཕྱོགས་གཅིག་ཙམ་བསྟན་ནོ་ཞེས་གསུངས་ནས། དེའི་ཚེ། བཅོམ་ལྡན་འདས་ཀྱིས་སྨིམ་མཚམས་ཀྱི་མཛོད་སྤུ་དཀར་པོའི་མཚན་གྱི་འོད་ཟེར་དེ་དག་རྣམ་པ་བརྒྱད་ཁྲི་བཞི་སྟོང་སྐད་དུ
337b5 འཕྲོས་ཏེ། ཁ་དོག་ཀྱང་རྣམ་པ་བརྒྱད་ཁྲི་བཞི་སྟོང་སྙེད་དོ།། འོད་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ཀུན་སྣང་བར་བྱས་ནས། འོད་དེ་རེ་རེ་ལ་གསེར་གྱི་རི་རེ་རེ་སྤྲུལ་ཏོ།། གསར
337b6 གྱི་རི་དེ་རེ་རེ་ལ་ཡང་གསེར་གྱི་བྲག་ཕུག་ཚད་མེད་པ་སྙེད་དོ།། བྲག་ཕུག་དེ་རེ་རེའི་ནང་ན་ཡང་སྤྲུལ་པའི་སངས་རྒྱས་རེ་རེ་སྐྱིལ་མོ་ཀྲུང་བཅས་ནས། ཏིང་ངེ་འཛིན་ལ་མཉམ་པར་གཞག་སྟེ། ཉན
337b7 ཐོས་དང་། བྱང་ཆུབ་སེམས་དཔའི་འཁོར་བརྒྱ་སྟོང་སྙེད་དང་བཞུགས་སོ།། དེའི་ཚེ་གསེར་གྱི་བྲག་ཕུག་ན་བཞུགས་པའི་སངས་རྒྱས་དེ་དག་ཐམས་ཅད་ཀྱང་སྨིན་མཚམས་ནས། སྐྱེས་བུ
iiif viewer powered by OpenSeadragon
337a - 338a