e-texts navigator
Collection
Volume
Page
Wylie

335a1 བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་ཟུང་ངོ་།། སངས་རྒྱས་དེ་མྱ་ངན་ལས་འདས་ནས་གཟུགས་ཀྱི་ཆོས་བྱེད་པའི་དོན། དགེ་སློང་དག་ཅིག
335a2 གིས་གྲོང་དུ་བསོད་སྙོམས་ལ་ཞུགས་ནས། ལྷུང་བཟང་དང་། མཁར་གསིལ་ཐོགས་ཏེ་སྤྱོད་ལམ་མཛེས་པར་བྱས་ནས་སྤྲུལ་འཚོང་མའི་ཁྱིམ་སྒོར་ཕྱིན་ཏེ།། དེའི་ཚེ་སྤྲུལ་འཚོང་མ་དག
335a3 གིས་དགེ་སློང་གི་ལྷུང་བཟེད་བླངས་ནས་བསོད་སྙོམས་ཀྱིས་བཀང་སྟེ། དགེ་སློང་ལ་ཕུལ་ནས་འདི་སྐད་དུ་སྨྲས་སོ།། ཤཱཀྱའི་རིགས་ཀྱི་བུ་ཁྱེད་མདོག་མི་སྡུག་པ་ནི་སོལ་བ་ལས་བྱས་པ་འདྲའོ།།
335a4 ལུས་ལ་གོས་གྱོན་པ་ནི་སྤྲང་པོ་དང་འདྲ་སྟེ། ཁྱེད་ལས་མི་སྡུག་པ་ནི་གནམ་གྱི་འོག་ན་ཟླ་མེད་དེ། ཁྱེད་རང་བཞིན་གྱིས་འདོད་ཆགས་མེད་ཅེས་ཟེར་གྱི། སུས་ཀྱང་ཁྱེད་མི་འདོད་དོ་ཞེས་སྨྲས
335a5 སོ།། དེའི་ཚེ་དགེ་སློང་རྣམས་ཀྱིས་དེ་སྐད་ཀྱི་ཚིག་ཐོས་པ་དང་ལྷུང་བཟང་ནམ་མཁའ་ལ་བསྒྱུར་ཏེ་ཕྱི་བཞིན་དུ་འཕུར་ཏེ་སོང་ངོ་།། དེ་ནས་བུ་མོ་རྣམས་ཀྱིས་དེ་ལྟར་གྱུར་པ་མཐོང་ནས
335a6 རྔོས་ལ་ཁྲེལ་ནས་ཤིན་ཏུ་འཛེམ་ཞིང་འགྱོད་པས་འཐོལ་ཏེ། འདི་སྐད་དུ་བདག་ཅག་དིང་དགེ་སྦྱོང་ལ་བསོད་སྙོམས་ཕུལ་བས། ཕྱི་མ་མ་འོངས་པའི་དུས་ན་ལུས་ཀྱི་དབང་པོ་དག་ཅིང་། དགེ་སྦྱོང་དང
335a7 འདྲ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ་མོ་རྣམས་དེའི་ཚེ་དགྲ་བཅོམ་པ་ལ་ཅོ་འབྲི་བའི་བུ་མོ་དེ་དག་ནི་ཁྱེད་ཡིན་ཏེ། ཁྱེད་རྣམས་དགེ་བའི




iiif viewer powered by OpenSeadragon

334b - 335b

Texts on this page

Ty032-011 - sangs rgyas rjes su dran pa'i ting nge 'dzin gyi rgya mtsho zhes bya ba theg pa chen po'i mdo