e-texts navigator
Collection
Volume
Page
Wylie

308a1 ནས། སྤྱི་གཙུག་གི་དོ་ཀཱར་ལ་ཐུག་སྟེ། གསེར་གྱི་རྒྱལ་མཚན་དང་འདུའོ།། ཕྱིར་ཡང་ལྟག་ཁུང་ནས་བྱུང་ནས། མེ་ཏོག་རྣམ་པ་སྣ་ཚོགས་སུ་གྱུར
308a2 མེ་ཏོག་དེ་དག་ལས་ཚད་མེད་པའི་ལྷ་མང་པོ་ཀུན་ལག་ན་རོལ་མོའི་ཆ་བྱང་ཐོགས་པ་དག་སྤྲུལ་པའི་ཞབ་འབྲིང་དུ་གྱུར་ཅིང་འོད་སྔ་མ་ལ་ལན་བཅུ་བསྐོར་ཏེ། ཐུར་ཏུ་རྱཱ་བ་ནི་སངས་རྒྱས་ཀྱི་ཞལ་གྱི་ཨག
308a3 ཙོམ་ཉག་མ་རེ་རེ་ནས་བསྐོར་ཏེ། ཉག་མ་དེ་རེ་རེའི་དྲུང་ནས་མེ་ཏོག་ཁ་བྱེད་པ་ཁྲིའི་འབྲུམ་བུ་ཙམ་ལྟ་བུས། ཞལ་གྱི་སྒྲོས་དང་། ཞལ་གྱི་རྐན་དང་ཚོམས་ཀྱི་བར་དང་མགུར
308a4 གྱི་མཚན་སྣང་ཞིང་མཛེས་པར་བྱས་ན། སངས་རྒྱས་ཀྱི་ཐུགས་ཀར་འོད་ཟེར་གྱི་སྤྲིན་དུ་གྱུར་ཏེ། ཕྱི་ནང་གསལ་ལ་ཡོངས་སུ་དག་ཅིང་རྡུལ་དང་དྲི་མ་མེད་པ་ནི་དཔེར་ན་བཻ་ཌཱུཪྻའི་སྣོད
308a5 ཀྱི་ནང་ན་གསེར་བཙོ་མའི་འོད་སྣང་བ་བཞིན་ནོ།། དེ་དག་ནི་དེ་བཞིན་གཤེགས་པའི་ཡོངས་སུ་དག་པའི་ཤངས་ཀྱི་མཚན་ཞེས་བྱ་སྟེ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས
308a6 ནས། སངས་རྒྱས་ཀྱི་ཉེ་གནས་སུ་གྱུར་པ་དག། གང་གིས་དེ་ལྟར་རྗེས་སུ་དྲན་པར་བྱས་ན། བསྐལ་པ་སྟོང་སྙེད་ཀྱི་ཁ་ན་མ་ཐོ་བའི་ལུས་ངན་པ་ཡོངས་སུ་འབྱུང་ཞིང་སྐྱེ
308a7 བའི་གནས་ཕྱི་མར་ཡང་བསུང་དམ་པ་སྣང་རྟག་ཏུ་ཁྲོ་ཡང་། དེ་ལ་སེམས་མངོན་པར་མི་ཆགསརྟག་ཏུ་ཚུལ་ཁྲིམས་ཀྱི་བསུང་གིས་ལུས་བརྒྱན་པར་འགྱུར་རོ།། དེལ




iiif viewer powered by OpenSeadragon

307b - 308b

Texts on this page

Ty032-011 - sangs rgyas rjes su dran pa'i ting nge 'dzin gyi rgya mtsho zhes bya ba theg pa chen po'i mdo