| | e-texts navigator
|
307a1 དེ་བཞིན་གཤེགས་པའི་ཞལ་འགྲམ་པ་ལ་འིརི་མོ་དྲུག་ཡོད་དོ།། གཡས་གཡོན་འརྡུ་ལ་ལྡན་མཉམ་པ་སྟེ། དེ་ལས་འོད་ཟེ་རདམ་པ་འཚེར་བ་ནི་འཛུམ་དྷཱའི
307a2 ཆུ་ཀླུང་གི་གསེར་གྱི་འོད་བས་ཀྱང་ཤིན་ཏུ་ལྷག་པས། སངས་རྒྱས་ཀྱི་ཞལ་གྱི་མཚན་ཤིན་ཏུ་སྣང་བར་བྱེད་དེ། དཔེར་ན། ཉི་ཟླ་བདྨ་སྟོང་བསྡུས་པ་ལྟ་བུ་སྟེ་ད་ནི་དུ་བཞིན
307a3 གཤེགས་པའི་ཞལ་འགྲམ་པ་ཟུར་ཕྱིན་པའི་མཚན་ཞེས་བྱའོ།། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས། སངས་རྒྱས་ཀྱི་ཉེ་གནས་སུ་གྱུར་པ་གང་སེམས་རྩེ་གཅིག
307a4 ཏུ་ཡིད་ལ་བྱེད་ན། བསྐལ་པ་བརྒྱ་སྙེད་ཀྱི་འཁོར་བའི་ཉེས་པ་ཡོངས་སུ་སྤོང་སྟེ། སངས་རྒྱས་མངོན་སུམ་དུ་མཐོང་བར་འགྱུར་གྱིས་ཐེ་ཙོམ་མི་བྱའོ།། དེ་ལ་དེ་ལྟར་བལྟའོ།།
307a5 གང་དེ་ལྟ་བུར་མཐོང་བ་དེ་ནི། ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པའི་ཞལ་སང
307a6 གེ་ལྟར་གླལ་བའི་མཚན་ཞེ་ན། སངས་རྒྱས་ཀྱི་ཞལ་གདྲངས་པ་ན་སེང་གེའི་རྒྱལ་པོའི་ཁ་ལྟར་གྲུ་བཞི་ལ་མཉམ་ཞིང་ཟུར་ཕྱིན་ཏེ། ཞལ་བྱེ་གྲཝ་གཉིས་ནས་འོད་རྣམ་པ་གཉིས
307a7 གསེར་བཙོ་མའི་མདོག་ལྟ་བུ་སྔ་མ་བས་བརྒྱ་སྟོང་གིས་ལྷག་པ་འབྱུང་ཞིང་། སྙན་གྱི་ཁུང་བུར་ཞུགས་ནས་ཕྱིར་ཡང་དབུའི་ཉག་མ་རེ་རེ་ནས་བསྐོར་ཏེ། སླར་ལྟག་ཁུང་ནས
iiif viewer powered by OpenSeadragon
306b - 307b