| | e-texts navigator
|
305a1 སྤྱན་ཡོངས་སུ་དག་ཅིང་འོད་རབ་ཏུ་གསལ་བ་བཤད་དོ།། སྤྱན་རྗེས་སུ་དྲན་པར་བྱས་ཏེ། སེམས་ལ་གསལ་བར་གྱུར་པ་ན། དེ་ལས་བྱུང་བ་ཁྱད་པར
305a2 གྱི་སྤྱོད་ཡུལ་ནི་རྒྱས་པར་བཤད་དུ་སླུ་བ་མ་ཡིན་ནོ།། སངས་རྒྱས་ཀྱི་སྤྱན་གྱི་སྤྱོད་ཡུལ་བཞིན་དུ་ཐང་གཅིག་ཡུད་ཙམ་གཅིག་རྗེས་སུ་དྲན་པར་བྱེད་དམསྐུ་གཟུགས་ཀྱི་སྤྱན་ལ
305a3 རྟོགས་པར་བརྟགས་ན། མ་འོངས་པའི་དུས་ན་སྐྱེ་བ་ལྔ་བརྒྱའི་བར་དུ་དབང་པོ་གསལ་ཞིང་དག་པ་དང་མིག་གི་དབང་པོ་ལ་ནད་མེད་པ་དང་། གཞན་ཡང་བསྐལ་པ་ཆེན
305a4 པོ་བདུན་སྙེད་ཀྱི་འཁོར་བའི་ཉེས་པ་ཡོངས་སུ་སྤངས་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་དང་འཁོར་རྣམ་བཞི་ལ་བཀའ་སྩལ་པ། སངས་རྒྱས་ཀྱི་སྤྱན་རྗེས་སུ་དྲན་པ
305a5 ནམ་དུ་ཡང་མ་གཏང་ཤིག། སངས་རྒྱས་ཀྱི་སྤྱན་རྗེས་སུ་དྲན་པར་བྱས་ན། གདོན་མི་ཟ་བར་ཚད་མེད་པའི་ཡོན་ཏན་དམ་པ་ཐོབ་པར་འགྱུར་རོ།། དབུ་འདབ་དང་ཞལ་དཔྲལ
305a6 ཡངས་པ་དང་། དབུ་དུང་གི་རི་མོ་ལྟ་བུ་དང་སྤྱན་གྱི་གྲུ་དང་། སྤྱན་གྱི་སྨིན་མ་དང་། སྤྱན་གྱི་རྫི་མ་དང་། སྤྱན་གྱི་རི་མོ་ལ་སོགས་པའི་མཚན་མང་པོ་འདི་དག་གི་འོད་ཟེར
305a7 སྐད་ཅིག་ཙམ་མཐོང་བར་གྱུར་ན། བསྐལ་པ་དྲུག་ཅུ་སྙེད་ཀྱི་འཁོར་བའི་ཉེས་པ་ཐམས་ཅད་སྤོང་བར་འགྱུར་ཞིང་སྐྱེ་བ་ཕྱི་མ་ལ་སངས་རྒྱས་བྱམས་པ་མཐོང་སྟེ་བསྐལ་པ
iiif viewer powered by OpenSeadragon
304b - 305b