| | e-texts navigator
|
304a1 རོ།། འོད་ཁ་དོག་སྔོན་པོ་ལ་ནི་སྤྲུལ་པའི་སངས་རྒྱས་ཀྱི་སྐུ་ཡང་རྡོ་རྗེའི་མདོག་ལྟར་སྔོའོ།། འོད་ཁ་དོག་དམར་པོ་ལ་ནི་སྤྲུལ་པའི་སངས་རྒྱས་ཀྱི་སྐུ
304a2 ཡང་བྱི་རུ་འམ། པདྨ་རཱ་གའི་མདོག་ལྟར་དམར་པོ་དེ་དག་ཀྱང་འོད་ཟེར་འཁྱིལ་ལ་སྔ་མ་བས་ལྷག་པར་ཤིན་ཏུ་གསལ་ལོ།། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པའི་སྤྱན་གྱི
304a3 རྫི་མའི་མཚན་ཞེ་ན། དེ་བཞིན་གཤེགས་པའི་སྤྱན་གྱི་རྫི་མ་ནི། ལྟག་འོག་གཅིག་ནས་སྐྱེས་ཏེ། དེ་དག་སོ་སོ་ནས་ཉག་མ་ལྔ་བརྒྱ་སྙེད་དོ།། ད་ཤིན་ཏུ་འཇམ་ལ་ཡིད་དུ
304a4 འོང་བ་ནརི་མེ་ཏོག་ཨུ་དུམ་འབར་བའི་ཟེ་བ་ལྟ་བུ་སྟཾ་སྤུ་ཉག་མ་རེ་རེའི་རྩེ་མོ་ལ་ཡང་ཤེལ་གྱི་ཁ་དོག་ལྟ་བུའི་འོད་རེ་རེ་བྱུང་ནས་མཚན་བཟང་པོ་ཀུན་ནང་དུ་ཞུགས་ནས་དབུ
304a5 ལ་ལན་ཅིག་སྐོར་ཏེ། ལྟག་ཁུང་ནས་བྱུང་ནས་འོད་སྔ་མ་རྣམས་ལ་བསྐོར་ཏོ།། དེ་དག་གི་ནང་ན་པདྨ་སྔོན་པོ་བཻ་ཌཱུཪྻའི་མདོག་ལྟ་བུ་ཡོད་དེ། པདྨོ་དེའི་སྟེང་ན་ཚངས་པའི་རྒྱལ་པོ
304a6 ལག་ན་གདུགས་སྔོན་པོ་ཐོགས་པ་ཡོད་དོ།། མཚན་འདི་བྱུང་བ་ན་སངས་རྒྱས་ཀྱིས་སྤྱན་ཡང་ལྷག་པར་དཀར་ནག་བྱེ་སྟེ་དཀར་བ་ཡང་རིན་པོ་ཆེ་དཀར་པོ་བས་བརྒྱ་སྟོང་གིས
304a7 ལྷག་པར་དཀར་རོ།། སྔོ་བ་ཡང་པདྨོ་སྔོན་པོ་དང་། བཻ་ཌཱུཪྻ་མཐོན་མཐིང་བས་བརྒྱ་སྟོང་གིས་ལྷག་པར་སྔོའོ།། སྤྱན་ལྷག་འོག་གཉིསཀ་འཛུམ་པ་ནི། ཁྱུ་མཆོག་རྒྱལ་པོའི
iiif viewer powered by OpenSeadragon
303b - 304b