| | e-texts navigator
|
301a1 སྤངས་པར་འགྱུར་རོ།། གཞན་ཡང་གང་ཟག་ལ་ལས་མཛོད་སྤུ་དཀར་པོའི་མཚན་ཐོས་ནས། སེམས་མི་སྐྲག་ཅིང་ཐེ་ཙོམ་མིང་བར་དགའ་བར་དགའ་བའི།
301a2 སེམས་ཀྱིས་དད་པར་བྱེད་ན། གང་ཟག་དེ་ཡང་བསྐལ་པ་སྟོང་ཕྲག་བརྒྱད་ཅུ་སྙེད་ཀྱི་འཁོར་བའི་ཉེས་པ་སྤངས་པར་འགྱུར་རོ།། དགེ་སློང་ངམ་དགེ་བསྙེན་མའམ། དགེ་བསྙེན་མ
301a3 འགའ་ཞིག་ཚུལ་ཁྲིམས་ཀྱི་རྩ་བ་བཞི་ཉམས་སམ། ཁ་ན་མ་ཐོ་བའི་སྡིག་བྱས་སམ། མཚམས་མེད་པ་ལྔའི་སྡིག་བྱས་ན། ཤིན་ཏུ་རྒྱས་པའི་མདོ་སྡེ་ལ་བསྐུར་པ་མ
301a4 གཏོགས་ཏྭ། གང་ཟག་དེས་འགྱོད་ཚངས་བྱས་ལ་ཉིན་མཚན་དུ་ས་དྲུག་དུ་ལུས་དང་། སེམས་ཀྱིས་བརྩོན་པ་ནི་དཔེར་ན་མི་ཞིག་ཚལ་སྟུག་པོའི་དབུས་ན་འདུག་ལ
301a5 ཕྱོགས་བཞི་ནས་མེ་བྱུང་སྟེ། རླུང་དྲག་པོ་སྲ་བུས་ནས། འཚིག་ལ་ཐུག་པ་ལས་གང་ཟག་དེ་འདི་སྙམ་དུ་སེམས་ཏེ། གལ་ཏེ་བདག་མི་འདིས་འཚིག་པར་འགྱུར་ན
301a6 མི་དེས་མ་ཚིག་པར་ལུས་ཀྱི་ཡན་ལག་ཀུན་བཤིག་པར་འགྱུར་གྱིས། བདག་གིས་ཇི་ལྟར་མེ་འདི་ཞི་བར་བྱ་སྙམ་ནས་བློས་དཔྱོད་དོ།། གལ་ཏེ་བློས་མ་དཔྱོད་ན་ནི་གདོན་མི་ཟ་བར
301a7 དེ་ཉིད་དུ་དུས་བྱེད་པར་འགྱུར་ན། མཁས་པ་གང་ཞིག་བློ་དང་ལྡན་པས་ཐབས་སྣ་ཚོགས་ཀྱིས་བདག་གི་ཚེའི་སྐྱབས་ནུས་ཏེ་གལ་ཏེ་ཚེའི་བར་ཆད་དུ་མ་བྱུང་ན་གང་ཟག
iiif viewer powered by OpenSeadragon
300b - 301b