e-texts navigator
Collection
Volume
Page
Wylie

283b1 མཁའ་ལས་བབྱས་ཏེ། བྱང་ཆུབ་ཀྱི་ཤིང་གི་མཐའ་དང་ཉེ་བར་ལྷགས་སོ།། བདུད་ཀྱི་ཡང་འདི་སྙམ་དུ་བསམས་ཏེ། གལ་ཏེ་དམག་འདི་རྣམས་ཀྱིས་ཀྱང་དགེ་སྦྱོང་གོའུ་ཏ་མ་འདི།
283b2 མི་ཐུབ་ཀྱང་སྲིད་ཀྱིས་སྙམ་བསམ་ནས་རིན་པོ་ཆེའི་ཅོད་པན་ཕུད་དེ་སའི་འོག་ལོགས་སུ་གཟས་པ་དང་། ཅོད་པན་གྱི་འོད་ཟར་གྱིས་ཐལ་བྱུང་དུ་གཤིན་རྗེའི་འཇིག་རྟེན་གྱི་སྤྲུལ་པ་སྲུང
283b3 མའི་སྟང་དུ། སྐད་ཆེན་པོས་འབོད་ཅིང་ཡི་དགས་ཀྱི་རྣམས་ལ་སྨྲས་པ་ཁྱེད་དམྱལ་བའི་སྲུངས་མ་དང་། གཤིན་རྗེའི་རྒྱལ་པོ་དང་། མཚམས་མེད་པའི་དམྱལ་བའི་མཚོན
283b4 གྱི་འཁོར་ལོ་དང་། མེའི་ཤིང་རྟ་དང་། མེ་མུར་ལ་སོགས་པ་ཐམས་ཅད་ཀྱང་འཛམ་བུ་གླིང་དུ་དགེ་སྦྱོང་གོའུ་ཏ་མ་དེ་མ་རུང་བར་བྱ་བའི་ཕྱིར། ཀུན་སྟེང་དུ་ཐོན་ཅིག་ཅེས་སྒྲོགས་སོ།།
283b5 མཚམས་མེད་པའི་སེམས་ཅན་དམྱལ་བ་ན་ཆུ་ཞེང་གྲུབ་པར་དཔག་ཚད་བརྒྱ་སྟོང་སྙེད་དེ། མཐའ་མོ་ལྕགས་ཀྱི་མཁར་རིམ་པ་བདུན་གྱིས་བསྐོར་ཏོ།། དེ་ལ་བར་ཆད་བཅོ་བརྒྱད་ཡོད
283b6 དོ།། མཐའ་མ་རལ་གྲིའི་ཚལ་རིམ་པ་བཅོ་བརྒྱད་ཀྱིས་བསྐོར་ཏོ།། དེའི་འཁོར་དུ་གཏོགས་པ་ཤར་ཕྱོགས་ཀྱི་ངོས་ན་ཡང་དུམྱལ་བ་ཆེན་པོ་བཅོ་བརྒྱད་ཡོད་དོ།། དེ་བཞིན་དུ་ལྷོ
283b7 ཕྱོགས་ཀྱི་ངོས་ན་ཡང་འཁོར་དུ་གཏོགས་པ་བཅོ་བརྒྱད་ཡོད་དོ།། ནུབ་ཕྱོགས་ཀྱི་ངོས་ན་ཡང་འཁོར་དུ་གཏོགས་པ་བཅོ་བརྒྱད་ཡོད་དོ།། བྱང་ཕྱོགས་ཀྱི་ངོས་ན་ཡང་འཁོར་དུ




iiif viewer powered by OpenSeadragon

283a - 284a

Texts on this page

Ty032-011 - sangs rgyas rjes su dran pa'i ting nge 'dzin gyi rgya mtsho zhes bya ba theg pa chen po'i mdo