e-texts navigator
Collection
Volume
Page
Wylie

283a1 ལྟ་བུའི་མགོ་ཅན་ལ་སྤྲིན་འཕུངས་པའི་ཁ་ན་ཀླུ་བདྨ་སྟོང་སྙད་ཡོད་དེ། ལུས་མི་སྣང་བར་འདུག་པ་འབའ་ཤིག་བྱིན་པར་སྣང་ཞིང་ཕྱོགས་བཅུ
283a2 ནས་གདོན་ཐམས་ཅད་སྤྲིན་ལྟར་འདུག་པ་ཡང་ཡོད་དོ།། བུ་མངས་ཀྱི་བདག་མོ་ཡང་བུ་རྣམས་དང་ཆས་ནས། སོ་སོ་ནས་ཕ་བོང་དཔག་ཚད་བཅུ་པ་ཟུར་མངས་ཅན་འཇིགས
283a3 སུ་རུང་བ་རེ་རེ་ཐོགས་ཏེ་འོང་བ་ཡང་ཡོད་དོ།། ཡི་དགས་ལ་ལ་ནི་དགུས་ཏེ་འཇུག་མ་འབྲང་དུ་བཅུག་ནས། སཱ་ས་ལ་སྣོམ་ཞིང་སྣའི་ནང་ནས་མ་རབ་ཏུ་འབར་ལ་མེའི་ནང
283a4 ནས་ཀྱང་གདོན་མང་པོ་རྫུས་ཏེ་འབྱུང་ཞིང་ངོ་བཀབ་ནས་བརྒྱུགས་ཏེ་འོང་བ་ཡང་ཡོད་དོ།། དེའི་ཚེ་བདུད་ཀྱི་རྒྱལ་པོས་གནོད་སྦྱིན་དང་། ཡི་དགས་ཀྱི་ཚོགས་ཐམས་ཅད་ལ་ལྟས
283a5 ནས་སྨྲས་པ། གནོད་སྦྱིན་དང་། ཡི་དགས་ཀྱི་དཔུང་ཐམས་ཅད་ཀྱང་སྤྲིན་ལྟར་འདུས་ཤིང་ཚོགས་ན། དགེ་སྦྱོང་གོའུ་ཏ་མ་དགེ་བ་དེས་གལ་ཏེ་ན་སྔགས་ཤེས་ཀྱང
283a6 སྲིད་ཀྱིས། དམག་རྣམ་བཞི་ཡང་མྱུར་དུ་བཤམ་མོ་ཞེས་སྨྲས་ནས་བདུད་ཀྱི་རྒྱལ་པོའི་ནོར་བུ་ལས་དམག་རྣམ་བཞིར་སྤྲུལ་ཏོ།། འདི་ལྟ་སྟེ། བ་གླང་གི
283a7 ཚོགས་དང་རྟའི་ཚོགས་དང་། ཤིང་རྟའི་ཚོགས་དང་། རྐང་རྟང་གི་ཚོགས་རྣམས་ཏེ་དགྲ་ཆ་རྣམས་ནགས་ཚལ་ལྟར་བཤམས་ནས་རབ་ཏུ་འཇིགས་སུ་རུང་བ་སྟང་གི་ནམ




iiif viewer powered by OpenSeadragon

282b - 283b

Texts on this page

Ty032-011 - sangs rgyas rjes su dran pa'i ting nge 'dzin gyi rgya mtsho zhes bya ba theg pa chen po'i mdo