| | e-texts navigator
|
282a1 ཡི་དགས་ལ་ལ་ནི་ནམ་མཁའ་ལ་སྤྱི་ཚུགས་འགྲོ་ལ་རྐང་པ་བཅུ་གཉིས་ཡོད་དེ། རྐང་པའི་རྟིང་པ་ལ་རལ་གྲི་འཁོར་ལོ་སྟོང་ཐོགས་པ་མགོ་རི་རབ
282a2 ལྟར་ཆེ་བ་མགོའི་སྟེང་ན་རལ་གྲི་ཡལ་ག་ཅན་ལྔ་བརྒྱ་ཐོགས་ཏེ། མེ་རབ་ཏུ་འབར་བ་ཡང་ཡོད་དོ།། ཡི་དགས་ལ་ལ་ནི་ལྟོ་བས་འཕྱེ་སྟེ་འགྲོ་བ་ཡང་ཡོད་དེ། ཁོར་ཡུག་གི་རི་ཁུར་དུ
282a3 ཐོགས་ཤིང་དགུ་སྟེ་འོད་པ་ཡང་ཡོད། ཡི་དགས་ལ་ལ་ནི་མགྲིན་པ་གཅིག་ལ་ཁྭ་མང་པོ་ཡོད་དེ། ཁ་གཙིགས་གི་ནང་ན་ལྕེ་སྟོང་ཡོད་ལ་ལྕེའི་ཐོག་ན་ཚེར་མ་མ་རུངས་པ་སྐྱེས
282a4 ཤིང་སྤུའི་རྩེ་མོ་ཡཱར་འགྲེང་ལ་སྤུའི་ཐོག་མ་ལས་ཁྲག་འབབ་ཅིང་། ཁ་ནས་ཚེར་མ་དག་འབྱིན་པ་མགྱོགས་པར་ནམ་མཁའ་ལས་འོང་བ་ཡང་ཡོད་དོ།། འབྱིཤ་ཙའི་གདོན་སྐད
282a5 ངན་ཆེན་པོ་འབྱིན་ཅིང་། ཁའི་དབུགས་སྤྲིན་ལྟར་འབྱུང་ལ་ལྕགས་ཀྱི་ཐུ་ལུམ་ཆར་བཞིན་དུ་འབེབས་ཤིང་ཡུད་ཙམ་ཐང་ཅིག་གིས་ཕྱིན་པ་ཡང་ཡོད་དོ།། གྲུལ་བུམ་གྱི་གདོན་ས་ཕུང་ལ
282a6 སྦྱར་རྟེན་བཅས་ནས། མི་སྡུག་པའི་བཞིན་ངན་པ་འབྱིན་པ་ཡང་ཡོད་དོ།། འབྱུང་པོའི་གདོན་རབ་ཏུ་གནག་ལ་རིད་དེ་མགོ་ལ་ཟངས་ཆེན་པོ་ཁྱེར་ནས་ནང་ན་ལྕགས་ཀྱི་ཐུ་ལུམ་འབར
282a7 ལོལག་པ་ན་རལ་གྲིའི་འཁོར་ལོ་ཐོགས་ཏེ། རྐང་པ་གཡོན་པས་ནི་ཁྱིམནན། རྐང་པ་གཡས་པས་ནི་སྤྱང་ཀུ་མནན་ཏེ། བརྒྱུགས་ཏེ་འོང་བ་ཡང་ཡོད་དོ།། འབར
iiif viewer powered by OpenSeadragon
281b - 282b